28183

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་ (1)
Part of speech ཕྲད་ཚིག
Definition འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་དའི་རྗེས་སུ་དམ་འཐོབ་པ་ཡིན།
Keyword True
Example རིག་གནས་ཆུང་བ་ལྔ་སྟེ། སྙན་ངག་གམ། མངོན་བརྗོད་དམ། སྡེབ་སྦྱོར་རམ། ཟློས་གར་རམ། སྐར་རྩིས་རྣམས་སོ། ལྟ་བུའི་སྐབས་ཀྱི་དམ་སྒྲ་ལྟ་བུ།
དམ་ (2)
Part of speech ཕྲད་ཚིག
Definition སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།
Keyword True
Example སྙན་ངག་གམ། མངོན་བརྗོད་དམ། སྡེབ་སྦྱོར་རམ། ཟློས་གར་རམ། སྐར་རྩིས་རྣམས་ནི་རིག་གནས་ཆུང་བ་ལྔའོ། ལྟ་བུའི་སྐབས་ཀྱི་དམ་སྒྲ་ལྟ་བུ།
དམ་ (3)
Part of speech ཕྲད་ཚིག
Definition གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་གའི་རྗེས་སུ་གམ་འཐོབ་པ་ཡིན།
Keyword True
Example བོད་དམ་རྒྱ་གར་གང་རུང་ཞིག་ཏུ་གནས་སྡོད་བྱ་འཆར་ཡོད་ལྟ་བུ།
དམ་ (4)
Part of speech ཕྲད་ཚིག
Definition དྲི་བ་སྟོན་པ་སྟེ།
Keyword True
Example ལས་འགན་འདི་ཁྱོད་ཀྱིས་འགན་ལེན་ཕོད་དམ་ལྟ་བུ།
དམ་ (1)
Part of speech རྒྱན་ཚིག
Definition དམ་པོ་ཡི་བསྡུས་ཚིག་སྟེ།
Example རས་ཚགས་དམ། ཕྲུག་ཚགས་དམ་ལྟ་བུ།
Antonyms ལྷོད།