28212

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་པ་གསུམ་ (1)
Part of speech མིང་ཚིག
Definition ཞིང་དམ་པ། དངོས་པོ་དམ་པ། བསམ་པ་དམ་པའོ། །ཞིང་ལ་ཡང་གཉིས་ཏེ། ཡར་གྱི་རྟེན་དང་མར་གྱི་རྟེན་ནོ། །ཡར་གྱི་རྟེན་ལ་མཆོག་ཏུ་བསྔགས་པ་དཀོན་མཆོག་རྣམ་པ་གསུམ་ཡིན་ཏེ། དེ་ཡང་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་གཉིས་ལ་ཕུལ་བའི་བསོད་ནམས་མངའ་ལ། ལོངས་སྤྱོད་པའི་བསོད་ནམས་མི་མངའ། དགེ་འདུན་དཀོན་མཆོག་ལ་ཕུལ་བའི་བསོད་ནམས་དང་ལོངས་སྤྱོད་པའི་བསོད་ནམས་གཉིས་ཀ་མངའ་བས། དགེ་འདུན་གྱི་ཞིང་དམ་པ་ཡིན་གསུངས། དེ་ལྟར་ཡིན་པ་ཡང་། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ནི་ཕྱག་འཚལ་ལོ། །ཅེས་པ་དང་། མར་གྱི་རྟེན་ནི། དབུལ་ཞིང་འཕོངས་པ། ལོང་སྤྲང་ལ་སོགས་པ། བཀྲེས་ཞིང་ཉམས་ཐག་པ། ནད་པ་མགོན་མེད་པ་དང་། མགྲོན་པོ་བཤེས་མེད་པ་ལ་སོགས་པ་རྣམས་ལ། སྦྱིན་པ་བཏང་ན་ཞིང་དག་ཐེག་པ་ཆུང་ངུ་པ་ལས་མཁན་པོ་དང་སློབ་དཔོན་དང་ཕ་མ་ཞིང་དག་པའོ། །དངོས་པོ་དམ་པ་ནི། བསོད་ནམས་ཀྱི་ཚོགས་གསོགས་པར་བྱ་བའི་རྫས་དེ་གཞན་ནས་འཕྲོག་པ་མ་ཡིན་པ། བརྐུས་པ་མ་ཡིན་པ། དུག་དང་འདྲེས་པ་མ་ཡིན་པ། མཚོན་དང་འདྲེས་པ་མ་ཡིན་པ། འཕགས་ཤིང་ཡིད་དུ་འོང་བ་ཅིག་དགོས་པའོ། །བསམ་པ་དམ་པ་ནི། ཚེ་འདིའི་ཆེ་ཐབས་སམ། བྱ་དགའ་འམ། འཇིགས་པའི་སྐྱེལ་མ་རེ་བའི་དོན་དུ་མ་ཡིན་ཏེ། བསམ་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ཅིག་དགོས་པའོ། །དེ་ལྟར་དམ་པ་གསུམ་གྱིས་ཟིན་པའི་དགེ་བའི་རྩ་བ་དེ་དག་གཟུགས་ཅན་ཡིན་པར་སོང་ན་ནམ་མཁའི་ཁམས་སུ་ཡང་མི་ཤོང་བསམ།

{{#arraymap:དམ་པ་གསུམ་

|; |@@@ | | }}