28261

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་པའི་ཆོས་ལོ་ལྔ་སྟོང་དུ་གནས་པའི་ལོ་ལྔ་བརྒྱ་ཕྲག་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ། ལྔ་བརྒྱ་ཕྲག་དང་པོ་ལ་ནི་དགྲ་བཅོམ་པའོ། །ལྔ་བརྒྱ་ཕྲག་གཉིས་པ་ལ་ནི་ཕྱིར་མི་འོང་བའོ། །ལྔ་བརྒྱ་ཕྲག་གསུམ་པ་ལ་ནི་རྒྱུན་དུ་ཞུགས་པའོ། །ལྔ་བརྒྱ་ཕྲག་བཞི་པ་ལ་ནི་ལྷག་མཐོང་ངོ༌། །ལྔ་བརྒྱ་ཕྲག་ལྔ་པ་ལ་ནི་ཏིང་ངེ་འཛིན་ནོ། །ལྔ་བརྒྱ་ཕྲག་དྲུག་པ་ལ་ནི་ཚུལ་ཁྲིམས་སོ། །ལྔ་བརྒྱ་ཕྲག་བདུན་པ་ལ་ནི་ཆོས་མངོན་པའོ། །ལྔ་བརྒྱ་ཕྲག་བརྒྱད་པ་ལ་ནི་མདོ་སྡེའོ། །ལྔ་བརྒྱ་ཕྲག་དགུ་པ་ལ་ནི་འདུལ་བའོ། །ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་མོ། །དེ་ལྟ་བུ་ལ་ནི་ལྔ་བརྒྱ་ཐ་མ་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:དམ་པའི་ཆོས་ལོ་ལྔ་སྟོང་དུ་གནས་པའི་ལོ་ལྔ་བརྒྱ་ཕྲག་བཅུ་

|; |@@@ | | }}