From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དམ་མོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
རས་སོགས་ཚགས་དམ་པའམ་བར་མཚམས་ཞིབ་པའི་དོན་ཏེ། དམ་པོ་དང་དོན་འདྲ།
|
| Example
|
ཕྲུག་ཚགས་དམ་མོ། རས་ཚགས་དམ་མོ། སྣོད་ཚགས་དམ་མོ། སྨྱུག་གདན་གྱི་ཚགས་དམ་མོ་ལྟ་བུ།
|
དམ་མོ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
སྒྲིག་ལམ་བཙན་པོའམ་དམ་པོའི་དོན་ཏེ།
|
| Example
|
ལས་ཁུངས་ཀྱི་སྒྲིག་ལམ་དམ་མོ། སློབ་གྲྭའི་སྒྲིག་ལམ་དམ་མོ་ལྟ་བུ།
|
དམ་མོ་ (3)
| Part of speech
|
རྒྱན་ཚིག
|
| Definition
|
ཚིག་དོན་གོ་དཀའ་བའི་དོན་ཏེ།
|
| Example
|
གཞུང་དོན་ཁ་དམ་མོ། སྙན་ངག་ཁ་དམ་མོ། སྐད་ཆ་ཁ་དམ་མོ་ལྟ་བུ།
|
དམ་མོ་ (4)
| Part of speech
|
རྒྱན་ཚིག
|
| Definition
|
སྣོད་སོགས་ཀྱི་ཁ་ཆུང་བའི་དོན་ཏེ།
|
| Example
|
སྣོད་ཁ་དམ་མོ། སྒྱེ་ཁ་དམ་མོ། སྟུ་ཁ་དམ་མོ་ལྟ་བུ།
|
དམ་མོ་ (5)
| Part of speech
|
རྒྱན་ཚིག
|
| Definition
|
སྐད་ཆ་གང་བྱུང་མང་བྱུང་མི་བཤད་པའི་དོན་ཏེ།
|
| Example
|
མི་དེ་ཁ་དམ་མོ་ཞིག་རེད་ལྟ་བུ།
|
དམ་མོ་ (6)
| Part of speech
|
རྒྱན་ཚིག
|
| Definition
|
དངུལ་སོགས་བེད་སྤྱོད་གཏོང་བར་སེར་སྣ་བྱེད་པའི་དོན་ཏེ།
|
| Example
|
བཀྲིས་ཀྱི་ལག་པ་དམ་མོ་རེད། ལག་པ་དམ་མོ་ཚོ་དང་མཉམ་དུ་ཟ་ཁང་དུ་མི་འགྲོ་ལྟ་བུ།
|