28311

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:55, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་ཚིག་གི་རྡོ་རྗེ་ (1)
Part of speech མིང་ཚིག
Definition དམ་ཚིག་རྡོ་རྗེའི་མཚན་ཉིད་རྒྱུ་དང་དབྱིབས་ཚད་ལ་སོགས་པའི་རྣམ་པར་གཞག་པ་ཕལ་ཆེ་བ་ནི། གོང་དུ་བསྟན་པ་བཞིན་ཡིན་ཏེ། རྡོ་རྗེ་མཁའ་འགྲོར། དེ་ནས་རྣལ་འབྱོར་པ་མི་འབྲལ་བའི་དམ་ཚིག་ཏུ་བཟུང་བར་བྱ་བའི་རྡོ་རྗེ་ཡི། མཚན་ཉིད་ཚད་དང་། ཡང་དག་བཤད་པར་བྱ། །རྒྱུ་གསེར་སོགས་ལས་བརྡུངས་པའི་རྡོ་རྗེ་དེ་ཡི། ཚད་ཀྱིས་ཆ་ཡང་དེ་བཞིན་ཆ་གསུམ་སོགས་གོང་དུ་གསུངས་པ་ལྟར་སྟེ། སྔོན་བཞིན་རྡོ་རྗེ་སྐེ་རགས་སོགས། མཚན་ཉིད་དང་ལྡན་ཞིང་། པདྨ་ཟླ་བར་རྣམ་པར་གནས། །ཆུ་སྲིན་སོ་ཡི་རྣམ་པ་ཡི། །རྩ་བ་ཆུ་སྲིན་ཁ་ལས་བྱུང་། །ཞེས་གསུངས་པས་ཤེས་ལ། ཁྱད་པར་དུ་རྭའི་གྲངས་ནི། གང་ཡང་སྦོམས་སུ་གྱུར་པ་ཡི། །རྭ་ནི་ཡེ་ཤེས་རང་བཞིན་གསུངས། །ཞེས་འབྱུང་བས། ཡེ་ཤེས་ལྔའི་གྲངས་དང་མཐུན་པར། རྩེ་ལྔ་པ་ཁོ་ནར་བྱ་ཞིང་། དབུས་རྭའི་དབྱིབས་ནི་གྲུ་བཞི་བ་ནས་གཟུགས་ལྟ་བུར་བྱའོ། །སམྦུ་ཊ་ལས་ཀྱང། ཡེ་ཤེས་རྡོ་རྗེས་འགྲོ་བ་འདོན། །ཞེས་པ་ཡེ་ཤེས་དག་པའི་རྩེ་ལྔ་པ་ཅན་གྱི་དམ་ཚིག་རྡོ་རྗེ་དེ་ཉིད་ཤེས་པས་བཅངས་ན་འཁོར་བར་འགྲོ་བ་ལས་འདོན་པའི་དོན་ནོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་སོ། །
Domain ཆོས་ལུགས།

{{#arraymap:དམ་ཚིག་གི་རྡོ་རྗེ་

|; |@@@ | | }}