28467
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨེ་བ་དམར་གཉིས་ལས་གང་ཞིག་གནམ་སྨེ་ཡིན་ལོ་དེར་སྐྱེས་པའི་བརྩི་བྱ་དག་གི་བབས་སྨེ་དཀར་གསུམ་གང་རུང་གི་སྟེང་དུ་བབས་པ་ལ་ཟེར་ཞིང་། དེ་གཉིས་ལས་བདུན་དམར་ལ་སྐྱེས་པ་དཀར་གསུམ་ལ་བབས་ན། ནོར་ལ་འཕེལ་ཟད་འབྱུང་བས། མནོལ་གྲིབ་ལ་འཛེམ་པ་དང་གཡང་འགུགས་གཡང་སྐྱབས་གདོན་དགོས། དགུ་དམར་ལ་སྐྱེས་པ་དཀར་གསུམ་ལ་བབས་ན། བྱེས་འཕྲོད་ཅིང་བསམ་པ་འགྲུབ་པས་བཟང་། གལ་སྲིད་ན་ན་བསྐང་བཤགས་བྱ་དགོས། |
| Domain | རྩིས་རིག |