28499
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་ལུགས་ཀྱི་ཉོན་མོངས་པའི་ཀུན་འབྱུང་ཉེ་བར་ཞི་ཞིང་། སྡུག་བསྔལ་གྱི་ཕུང་པོ་ཅུང་ཟད་ལུས་པའི་དམན་པའི་འགོག་པ་ནི་དམན་པའི་ལྷག་མ་དང་བཅས་པའི་མྱང་འདས་དང་། ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། མཚན་ཉིད་ནི། ཉོན་མོངས་པའི་ཀུན་འབྱུང་སྤངས་ཤིང་དགྲ་བཅོམ་དང་པོར་ཐོབ་པའི་ལུས་རྟེན་དང་བཅས་པའི་དམན་པའི་སོ་སོར་བརྟགས་འགོག་གོ ། ཞེས་དང་། ཐེག་དམན་ལ་མྱང་འདས་མཚན་ཉིད་པ་ཡོད་དེ། ཐེག་པ་གསུམ་པོ་རེ་རེ་ལ་རྒྱུའི་ཐེག་པ་དང་། འབྲས་བུ་ཐེག་པ་མཚན་ཉིད་པ་གཉིས་ཡོད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་ལས་གསུངས། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་ཤིང་། ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་དམན་པའི་སོ་སོར་བརྟག་འགོག་དེ། དམན་པའི་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད། དེ་ནི་སྐུ་ཚེའི་འདུ་བྱེད་མ་བཏང་བའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ལྟ་བུ་ལ་བྱའོ། །ཞེས་པཎ་ཆེན་ཤཱཀྱ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:དམན་པའི་ལྷག་བཅས་མྱང་འདས་
|; |@@@ | | }}