28506
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་སུ་སྤང་བྱའམ་འདོར་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྐྲ་དཔུང་འཐུག་ལ་མིག་རྩ་རྒོད། བདག་ལ་རྒོལ་བ་དམན་མོའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་མཚན་ཉིད་དམ་ངོ་བོའི་ཁྱད་པར་སྟོན་ཏེ། སྐྲ་ཡི་དཔུང་འཐུག་ལ་མིག་རྩ་རྒོད་ཅིང་སྡང་མིག་འཁྱུག་པ་སོགས་ཀྱི་སྒོ་ནས། བདག་སྒྲུབ་པའི་གཤེེན་པོ་སོགས་ལ་གནོད་ཅིང་རྒོལ་བར་བྱེད་པའི་བུད་མེད་རྟེན་ཅན་ཏེ། དེ་ལྟར་མཚན་དང་མི་ལྡན་པས་སྤང་བྱའི་གྲོགས་སུ་བསྟན་ཏོ། །དེ་ལ་ཡང་དམན་མོ་ཞེས་པ་ནི། སྒོ་གསུམ་བྱ་སྤྱོད་དམན་པ་ལ་བརྗོད་པ་ཡིན་པར་མངོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:དམན་མོའི་གྲོགས་
|; |@@@ | | }}