28587

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམར་མོ་ (1)
Part of speech རྒྱན་ཚིག
Definition ཁྲག་གི་མདོག་དང་འདྲ་བའི་ཁ་དོག་སྟེ། དམར་པོ་དང་དོན་གཅིག
Example སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། རལ་བ་དམར་མོ་གྱེན་དུ་ལངས་པ་ལྟ་བུ།
དམར་མོ་ (2)
Part of speech རྒྱན་ཚིག
Definition རྩ་ཆེན་གཙིགས་ཆེན་གྱི་གཅེས་ནོར།
Example གཅེས་ཕྲུག་དམར་མོའི་ཚེ་སྲོག་ཤོར། རྒྱུ་རྫས་དམར་མོ་རྐུན་མས་ཁྱེར་ལྟ་བུ།
Type ཡུལ་སྐད།
དམར་མོ་ (1)
Part of speech མིང་ཚིག
Definition ཕྱོགས་བཅུའི་མུན་སེལ་ལས། དམར་མོ་ནི། འཇུག་སྲེད་ཀྱི་ཆུང་མའོ། །དེའང་ལུས་ཟངས་དང་འདྲ་བས་དེ་སྐད་དུ་གྲགས་སོ། །ཞེས་གསུངས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན།
Domain ཆོས་ལུགས།