28602

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམར་རུ་མགོ་ནག་ (1)
Part of speech མིང་ཚིག
Definition བལ་ཡུལ་སོགས་ཚ་བ་ཆེ་བའི་ནགས་གསེབ་ཏུ་སྐྱེ་བ་མང་བ། འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་སྐམ་རྗེས་སྨན་དུ་སྤྱོད་རྒྱུ། ངོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་རྣོ་བས་རྩ་ཁ་འབྱེད་ཅིང་བུ་འབྱིན་པ་དང༌། མོ་ནད་ཁྲག་ཚབས་སེལ་ཞིང་སྣོད་ཀྱི་མཁྲིས་སྐྲན་བཤིག་པར་བྱེད་པ་ཞིག རྒྱ་གར་སྐད་དུ། ཀ་ཀ་ནིའམ་ཀུཉྫ་ཞེས་འབོད་པ་དམར་རུ་མགོ་ནག་གི་མིང་ཡིན། ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེས་བྱ་བ་གསེར་སེ་བ་དོ་ཡིན་ཞེས་སོགས་དྲངས་ཡོད། དམར་རུ་མགོ་ནག་ནི་དབྱིབས་སྲན་རིལ་ལྟར་འཇོང་རིལ་ཡིན་པ་ལ་ཕྱེད་ཀ་ནག་པོ་དང་ཕྱེད་ཀར་དམར་པོ་ཡིན་པ་ཞིག་སྟེ། དེ་སྔ་བོད་དུ་མཎྜལ་གྱི་ནང་བླུགས་ཀྱི་ཡོད་པ་དེ་ཡིན་ཞིང༌། ཀ་ཀ་ནི་བཞི་ལ་མ་ཤ་ཀ་ཞེས་གསེར་སེ་བ་དོ་ཡི་ལྗིད་ཚད་ཡིན། གསེར་སེ་བ་ཉི་ཤུ་ཐམ་པ་ལ་རྒྱ་གར་གྱི་གསེར་ཞོ་གང་དང༌། གསེར་ཞོ་བརྒྱད་ལ་གསེར་སྲང་གང་རྩིས་པ་ནི་བརྒྱད་ཞོ་ཞེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ བར་ལོ་བརྒྱད་བརྒྱ་བདུན་ཅུ་དོན་བདུན་རིང་བརྒྱད་ཞོ་དང་བརྒྱད་སྲང་གི་ལུགས་དེ་བེད་སྤྱོད་བྱས་པ་བོད་ཀྱི་ཁྲིམས་ཡིག་ཁག་གི་ནང་གསལ།
Foreign རྒྱ་གར།

{{#arraymap:དམར་རུ་མགོ་ནག་

|; |@@@ | | }}