28651
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འདི་ལ་དམིགས་པ་ནད་ཀྱི་དར་ཡ་ཀན་དང་བབ་པ་སྐབས་ཀྱི་དར་ཡ་ཀན་གཉིས་ཡོད་ལ་དར་ཡ་ཀན་ཞེས་པའི་སྒྲ་འདི་ཞང་ཞུང་གི་སྐད་ཡིན་པར་གསུངས་ལ་དོན་དུ་བདུད་རྩི་ལ་འཇུག་པས་གནད་དམིགས་རེར་བབ་པའི་སྐབས་སྨན་གྱི་ཆེ་བརྗོད་ཀྱི་མིང་ཡིན་ལ། སྐབས་འདིར་ནི་གཉིས་ཡིན་ཏེ། བྱང་ཁོག་ཆུ་སེར་སྐེམ་པ་ལ་འཁྲུངས་དཔེར་སྐྱེ་གནས་ཡུལ་ལྗོངས་ཀུན་ལས་ཡོད་ལོ་སྟོང་ཡལ་ག་ཁྲད་པོར་སྐྱེ། མེ་ཏོག་དཀར་པོ་འདབ་མ་བཞི། འབྲས་བུ་མུ་མེན་དམར་པོ་འདྲ། རང་གི་ནུས་པས་བྱང་ཁོག་གི་ཁྲག་དང་ཆུ་སེར་འཇོམས་པའི་མཆོག་ཅེས་དང༌། དེ་དང་མཐུན་པར་དུས་འཁོར་ནས་ཀྱང་བཤད་པས། མིང་ཁྲག་ཁྲོག་པ་དང་ཁང་ཕུག་པ་དང་ཁང་ཐོག་སྐྱེས་ཞེས་པ་འདི་ཡིན་ཚིག་ཕྱི་མ་སྐབས་ལ་སྨུག་པོ་དར་ཡ་ཀན་མཛད་པ་དང༌། འཁྲུངས་དཔེར་དར་ཡ་ཀན་རྣམ་གྲངས་ཉེར་ལྔར་འདྲེན་པའང་ཡོད། |
Domain | གསོ་རིག |
{{#arraymap:དམིགས་པ་གནད་ཀྱི་དར་ཡ་ཀན་
|; |@@@ | | }}