From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དམིགས་པ་རྣམ་པ་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། ཆོས་ཐམས་ཅད་ལ་མི་རྟག་པ་ཉིད་དུ་རྟོགས་པར་བྱེད་པ། ཆོས་ཐམས་ཅད་ལ་སྡུག་བསྔལ་བ་ཉིད། བདག་མེད་པ་ཉིད། སྟོང་པ་ཉིད། གཡོ་བ་མེད་པ་ཉིད། དབུགས་འབྱིན་པ་མེད་པ་ཉིད། གནས་མེད་པ་ཉིད། རྣམ་པར་རྟོག་པ་མེད་པ་ཉིད། རྩོལ་བ་མེད་པ་ཉིད། མངོན་པར་འདུ་བྱེད་པ་ཉིད་དུ་རྟོག་པར་བྱེད་པའོ། །
|
| Domain
|
ཆོས་ལུགས།
|
དམིགས་པ་རྣམ་པ་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་དམིགས་པ་རྣམ་པ་བཅུ་སྟེ། ལུས་དང་ལུས་ཀྱི་ལས། ངག་དང་ངག་གི་ལས། ཡིད་དང་ཡིད་ཀྱི་ལས། སངས་རྒྱས། ཆོས། དགེ་འདུན། བསླབ་པ་ཡང་དག་པར་བླང་བ་དག་ལ་བསྒོམས་པའོ། །
|