28783
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དམོད་པའི་དྲག་སྔགས་ནི། མ་ཧཱ་ཡོ་གའི་སྒྲུབ་སྡེའི་རྣམ་གྲངས་གསུམ་གྱི་ཡ་གྱལ། དྲག་སྔགས་སྒྲུབ་པའི་བྱེ་བྲག་ཅིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། གཉིས་པ་དྲག་སྔགས་ཀྱི་སྒྲུབ་པ་ལ་ཡང་གཉིས་ཏེ། གསང་སྔགས་ཀྱི་དྲག་སྔགས་དང་། དམོད་པའི་དྲག་སྔགས་སོ། །ཞེས་དང་། དམོད་པའི་དྲག་སྔགས་ལ་དྲེགས་པ་བཅོ་བརྒྱད་དམ། དྲེགས་པའི་རིགས་སྟོང་ཕྲག་བརྒྱད་བཅུའི་དྲག་སྔགས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |