28801
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། འདོད་པའི་ཁམས་གཞན་ན་ནི་མི་དགེ་བ་བཅུ་ཀ་ལྡན་པ་དང་མངོན་གྱུར་གྱི་སྒོ་ནས་ཀྱང་ཅི་རིགས་པར་ཡོད་དེ། དེ་ལ་ཡི་དྭགས་དང་དུད་འགྲོ་དང་འདོད་ལྷའི་ནང་ན་ནི་སྡོམ་མིན་གྱིས་བསྡུས་པ་མེད་ཀྱི་གཞན་བར་མ་མི་དགེ་བས་བསྡུས་པ་དག་ཡོད་ལ་མིའི་ནང་ན་ནི་སྡོམ་མིན་གྱིས་བསྡུས་པའང་ཡོད་དོ། །གལ་ཏེ་ལྷ་ལ་སྲོག་གཅོད་པ་ཇི་ལྟར་ཡོད་ཅེ་ན། ཁ་ཅིག་ན་རེ་ལྷས་ལྷ་གསོད་པ་མེད་ཀྱང་ལྷས་འགྲོ་བ་གཞན་དག་གསོད་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ལྷའང་ཕན་ཚུན་མགོ་དང་རྐེད་པ་བཅད་ན་འཆི་བའི་ཕྱིར་ཡོད་དོ་ཞེས་ཟེར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དམྱལ་བ་དང་སྒྲ་མི་སྙན་པ་ལས་གཞན་པའི་འདོད་ཁམས་ཀྱི་མི་དགེ་བ་
|; |@@@ | | }}