28815

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:58, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམྱལ་བར་མེད་པའི་མི་དགེ་བ་ (1)
Part of speech མིང་ཚིག
Definition དམྱལ་བའི་སེམས་ཅན་ལ་མི་ལྡན་པའི་མི་དགེ་བའི་ལས་ཀྱི་ལམ་རྣམས་སྟེ། རིམ་པ་བཞིན་སྲོག་གཅོད་པ་མེད་དེ། དེར་ལས་མ་ཟད་ན་བསད་ཀྱང་མི་འཆི་བའི་ཕྱིར་དང་། འཆི་བ་ནི་ལས་ཟད་ནས་འཆི་བའི་ཕྱིར་རོ། །མ་བྱིན་པ་ལེན་པ་མེད་དེ། རྫས་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་མེད་དེ། བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་དང་། བདེ་བའི་སྐབས་མི་རྙེད་པའི་ཕྱིར་རོ། །བརྫུན་དུ་སྨྲ་བ་མེད་དེ། དགོས་པ་མེད་པའི་ཕྱིར་རོ། །ཕྲ་མ་མེད་དེ། དགོས་པ་མེད་པའི་ཕྱིར་དང་། རྟག་ཏུ་བྱེ་ཟིན་པའི་ཕྱིར་རོ། །མི་དགེ་བ་གཞན་རྣམས་ནི་ལྡན་ཏེ། བརྣབ་སེམས་དང་ལོག་ལྟ་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་མངོན་དུ་གྱུར་པའི་སྒོ་ནས་ནི་མ་ཡིན་ཏེ། རིམ་པ་བཞིན་ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་དང་། ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཚིག་ཀྱལ་དང་ཚིག་རྩུབ་དང་གནོད་སེམས་གསུམ་མངོན་སུམ་དུ་གྱུར་པ་དང་ལྡན་པ་གཉི་གའི་སྒོ་ནས་ཡོད་དེ། རིམ་པ་བཞིན་སྨྲེ་སྔགས་འདོན་པའི་ཕྱིར་དང་། ཕན་ཚུན་མི་སྙན་པ་བརྗོད་པའི་ཕྱིར་དང་། གཅིག་ལ་གཅིག་སེམས་ཀྱི་རྒྱུད་རྩུབ་པོས་ཞེ་སྡང་བའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:དམྱལ་བར་མེད་པའི་མི་དགེ་བ་

|; |@@@ | | }}