28816
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམྱལ་བའི་སེམས་ཅན་ལ་མི་ལྡན་པའི་མི་དགེ་བའི་ལས་ཀྱི་ལམ་རྣམས་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ། འདོད་པས་ལོག་པར་སྤྱོད་པ། རྫུན་དུ་སྨྲ་བ། ཕྲ་མའོ། །དེ་ཡང་རིམ་པ་བཞིན་མེད་དེ། དེར་ལས་མ་ཟད་ན་བསད་ཀྱང་མི་འཆི་བའི་ཕྱིར་དང་། འཆི་བ་ནི་ལས་ཟད་ནས་འཆི་བའི་ཕྱིར་རོ། །རྫས་ཡོངས་སུ་གཟུང་བ་མེད་པའི་ཕྱིར་རོ། །བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་དང་། བདེ་བའི་སྐབས་མི་རྙེད་པའི་ཕྱིར་རོ། །དགོས་པ་མེད་པའི་ཕྱིར་རོ། །རྟག་ཏུ་བྱེ་ཟིན་པའི་ཕྱིར་རོ། ། |
| Domain | ཆོས་ལུགས། |