28843

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དར་དཔྱངས་ཀྱི་དབང་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། བྱེད་པོ་རྡོ་རྗེ་སློབ་དཔོན་གྱིས། ལས་སུ་བྱ་བ་སློབ་མ་ལ། བྱེད་པ་གནས་ལྷོ་སྒོའི་ས་ལ། རྫས་དར་དཔྱངས་བཅུ་ནུས་མ་བཅུར་བྱིན་གྱིས་བརླབས་པ། སྔགས་ཨོཾ་ཨ་ཨཱ་ཨཾ་ཨཱཿཧ་ཧཱ་ཧཾ་ཧཱྂཿཕྲཻ་ཧཱཿསོགས། ཏིང་ངེ་འཛིན་གཙོ་བོ་ནུས་མ་བཅུའི་རང་བཞིན་དར་དཔྱངས་ཀྱི་དབང་བསྐུར་བས། བྱ་བ་གནས་སྐབས་སུ་སློབ་མའི་རླུང་བཅུ་བློ་ངོར་ནུས་མ་བཅུའི་སྐུར་རྫོགས་པས་མ་དག་པའི་རླུང་བཅུ་སྦྱོང་བ་དང་། མཐར་ཐུག་ནུས་མ་བཅུའི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་འགྲིག་པས་སྨིན་ཚུལ་ཁྱད་པར་ཅན་དུ་བྱས་པའི་སློབ་མའི་རྒྱུད་ནི་དར་དཔྱངས་ཀྱི་དབང་ངོ་། །
Domain ཆོས་ལུགས།