29017

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཱ་ལིས་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་ཆུང་བའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྐྱ་ལ་མཁྲེགས་ཤིང་ཕྱི་པགས་སྲབ་ཅིང་སུལ་ཡོད་པ་དང༌། སྐྱེ་གནས་དབང་གིས་སྡོང་པོ་ཁྲུ་གང་ཙམ་པ་མང་ཞིང་མཉམ་དུ་ཕུང་པོར་སྐྱེ་བའི་སྟོད་དུ་ཡལ་ག་གྱེས་ཤིང༌། ལོ་མ་ལྗང་ཞིང་རྒྱབ་སེར་བ་མཐའ་མཉམ་ཞིང་ངར་པ་ཐུང་ལ་ཚགས་དམ་པ་སྡོང་པོ་དང་ཡལ་གའི་སྟོད་ཆར་རེ་མོས་སྐྱེ་བར་དྲི་ཞིམ་འཐུལ་བ་དང༌། མེ་ཏོག་དཀར་ལ་དམར་མདངས་འཕྲོ་བ་འདབ་མ་མང་བ་སྡོང་པོ་དང་ཡལ་གའི་རྩེར་ཤར་བ། འབྲས་བུ་སེར་ནག་ཆུང་བའི་རྩེ་རྣོ་ཞིང་ལི་ཤིའི་ཕྱོགས་ཙམ་འདྲ་བ་ཞིག་སྟེ། རི་མཐོའི་སྲིབ་ཀྱི་སྤང་རི་དང༌། སྡོང་ཐུང་ཤིང་གི་གསེབ། ཆུ་ཤགས་ཀྱི་འགྲམ། བྲག་ཞབས་སོགས་སུ་སྐྱེ་བ། དཔྱིད་ཀ་མེ་ཏོག་ཤར་བའི་སྐབས་སུ་མེ་ཏོག་བཏུས་ཏེ་ཉི་མར་སྐམ་གསེད་བྱེད་རྒྱུ་དང༌། བོད་ཟླ་དྲུག་པ་བདུན་པའི་ནང་དུ་ལོ་མ་བཏུས་ཏེ་གཙང་སར་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། མེ་ཏོག་རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྙོམས་པ། ལོ་མ་རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བ། མེ་ཏོག་གིས་སྐྱ་རྦབ་ནད་ཀྱིས་ལུས་ཁམས་སྐྲངས་པ་དང༌། ས་ཆུ་མི་འཕྲོད་པའི་ནད། གློ་ནད། གློ་ཡུའི་ཚད་པ། ལུས་སྟོབས་ཉམས་པ། སྐད་འགགས་པ་སོགས་ལ་ཕན་པ་དང༌། ལོ་མས་ཕོ་བའི་མེ་དྲོད་ཉམས་པ་དང༌། ཟས་ཀྱི་དང་ག་འགགས་པ། པགས་ནད། ཡན་ལག་རེང་འཁུམས་སོགས་ལ་ཕན་པར་མ་ཟད། བདུད་རྩི་ལྔ་ལུམས་གྲས་ཤིག་དང་དྲི་བསངས་སྤོས་སྦྱོར་ལ་དགོས་མཁོ་ཆེ་བ་ཞིག་ཀྱང་ཡིན།

{{#arraymap:དཱ་ལིས་

|; |@@@ | | }}