29114

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:01, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དིང་རི་རྫ་སྐྱ་དགོན་ (1)
Part of speech མིང་ཚིག
Definition དིང་རི་རྫ་སྐྱ་དགོན། དགོན་པ་འདི་ནི། བོད་དབུས་སྟོད་དིང་རིའི་ཡུལ་ཁོངས་སུ་གཏོགས་པ། དཔལ་ཤྲཱི་ནེའུ་སྟེང་ནས་གཡས་ཕྱོགས་སུ་དུས་ཡུན་རིང་པོར་མི་འགོར་བས་སླེབས་ཐུབ་པའི་ས་ཆར་ཆགས་ཡོད། གནས་གསུམ་འདུས་པའི་རྩིབས་རི་ཞེས་ཀྱང་གྲགས། དགོན་འདིའི་ཆགས་ཡུལ་ནི། རི་གྲུ་གསུམ། གནམ་གྲུ་གསུམ། ས་གྲུ་གསུམ་བཅས་གྲུ་གསུམ་སུམ་ལྡན་གྱི་སར། གད་པ་གཡང་གཟར་ཞིག་གི་སྟེང་དུ་ཆགས་ཡོད་པ་དང་། སྔར་དགོན་འདི་ཉིད་འབྲུག་པ་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་པ་མ་ཟད་གྲྭ་བཙུན་ཉི་ཤུ་རྩ་བརྒྱད་ཙམ་དང་། བརྟེན་གཙོ་ཧ་རང་བྱོན་ཤེལ་ལྟ་བུ་ཞིག་དང་སློབ་དཔོན་གྱི་སྐུ་འདྲ་སོགས་བྱུང་ཡོད་ཚུལ་ཙམ་ལས་དགོན་འདི་ཉིད་ཕྱག་འདེབས་པ་པོ་དང་། བླ་མ་ཇི་ལྟར་བྱོན་ཚུལ་སོགས་ཀྱི་ལོ་རྒྱུས་ནི་ལག་སོན་མ་བྱུང་། ད་ལྟ་ནི་ཡ་ང་བའི་དགོན་ཤུལ་ཙམ་ལས་མེད་དོ། །

{{#arraymap:དིང་རི་རྫ་སྐྱ་དགོན་

|; |@@@ | | }}