29320
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བཞོ་ཆར་ཡང་ཟེར། སྔ་དུས་སུ་ནགས་ཤོད་འབྲི་རུའི་བུ་མེད་རྣམས་ཀྱིས་འབྲི་ལས་འོ་མ་འཇོ་སྐབས་འོ་ཟོམ་འཛིན་བྱེད་མགོ་གསེར་དངུལ་ཟངས་ལྕགས་ཅི་རིགས་ཀྱིས་བཟོས་པའི་སྡིག་རྭའི་དབྱིབས་ཅན་གྱི་ལུང་ཐག་གི་ལེབ་ངོས་སུ་རྒྱ་མཚོའི་དུང་གི་ཕྱི་ཤུན་དཀར་པོ་མཛེས་ཆོས་སུ་སྟར་པ་བ་དེ་ལ་དུང་ཆར་ཟེར། ཕྱིས་སུ་ལུས་ཀྱི་མདུན་དཀྱིལ་དུ་ཐུར་དུ་རིང་པོར་འཕྱང་ཞིང་། དུང་ཤུན་དབྱིབས་གོར་མོ་དང་གྲུ་བཞི་སོགས་མཛེས་ཆོས་དུ་མར་བཅོས་ནས་ད་ལྟའི་བར་དུ་རྒྱན་ཆར་སྤྱོད་ཀྱི་ཡོད། འདི་ནི་བོད་ཀྱི་ས་ཁུལ་གཞན་གང་དུ་མེད་པའི་ནགས་ཤོད་འབྲི་རུའི་བུ་མེད་རྣམས་ཀྱི་མཛེས་རྒྱན་ཐུན་མོང་མ་ཡིན་པ་ཞིག་ཡིན། |
{{#arraymap:དུང་ཆར་
|; |@@@ | | }}