29375
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཉ་ལྕིབས་དང་དོན་གཅིག་སྟེ། ཆུ་ནང་དུ་ལོ་མང་སྐྱེ་བའི་སྐྱེ་དངོས་ཀྱི་རིགས་ཤིག་སྟེ། སྐྱེ་དངོས་གཞན་ལྟར་ལོ་སྡོང་མེ་འབྲས་སོགས་གང་ཡང་མཐོང་རྒྱུ་མེད་ཅིང༌། བལ་འདབ་འཇམ་པོ་ཁ་དོག་ལྗང་གུ་ཁུ་སྣ་རིང་བལ་གྱི་རང་བཞིན་བླངས་ན་ནལ་ནལ་བྱེད་པ་དང༌། ཆུའི་ཁར་གཡེང་བའམ་གཏིང་ན་འདུག་པ་གང་རུང་མངའ་བ། བོད་ཀྱི་ས་གནས་ཚང་མའི་ཆུ་ནང་དུ་ཡོད་ཅིང༌། སྒོས་སུ་རྫིང་བུ་དང༌། ཀོ་མོག་གི་ཆུ། ན་གཤོངས། ཆུ་བོ་དལ་འབབ་ཀྱི་ཡུར་བུ་སོགས་ཀྱི་ནང་དུ་སྐྱེ་བ་བཅས། ཕྱི་ཡི་རྣམ་པ་སྲིན་བལ་འདྲ་བ་དེ་དབྱར་སྟོན་གང་རུང་ལ་བཏུས་ཏེ་རྫས་གཞན་འདྲེས་པ་རྣམས་ཕྱིར་བསལ་ནས་གཙང་མ་བཟོས་ཐོག་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་ཡང་བས་རྨ་ཚད་སེལ་ཞིང༌། ཁྱད་པར་མེས་འཚིག་རྨ་ལ་ཕན་པ་དང༌། ཆུ་སེར་སྐེམ་པར་བྱེད་དོ། ། |
Domain | གསོ་རིག |
{{#arraymap:དུད་པ་བྱ་བལ་མ་
|; |@@@ | | }}