29384

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:03, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུད་འགྲོ་ (1)
Part of speech མིང་ཚིག
Definition རྐང་ལག་བཞི་ས་ལ་བཙུགས་ནས་འགྲོ་མཁན་གྱི་སེམས་ཅན།
Keyword True
Example རྟ་ནོར་ལུག་སོགས་དུད་འགྲོའི་རིགས། །ཕུག་རོན་གླག་སོགས་འདབ་ཆགས་རིགས། །ཉ་དང་གྲོག་མ་སྲོག་ཆགས་ཡིན། །ལྷ་མི་དག་ནི་ཁྱད་དུ་འཕགས། །

{{#arraymap:དུད་འགྲོ་

|; |@@@ | | }}

དུད་འགྲོ་ (2)
Part of speech མིང་ཚིག
Definition འགྲོ་བ་རིགས་དྲུག་གི་ནང་གསེས་ཤིག མགོ་བོ་དུད་དེ་འགྲོ་བའི་རྟ་གླང་སོགས་ཀྱི་སེམས་ཅན་སྤྱིའི་མིང༌ངོ་། །དེ་རྣམས་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་སྟེ། དེ་དག་གི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོའོ། །གཞན་ནི་དེ་དག་ལས་འཕྲོས་པ་དག་སྟེ། མི་དང་འདོད་ལྷའི་གནས་དག་ལ་ཁ་འཐོར་བ་རྣམས་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་དམྱལ་བ་ནའང་ཡོད་པར་འདོད་དོ། །དེ་དག་གི་ཚེའི་ཚད་ལ་ནི། ཚེ་ཐུང་བ་ལ་ངེས་པ་མེད་ལ། མཆོག་ཏུ་རིང་བས་ནི་བར་གྱི་བསྐལ་པ་གཅིག་སྟེ། ཀླུང་དགའ་བོ་དང་། ཉེ་དགའ་བོ་དང་། རྟ་མགོ་ལ་སོགས་པ་དག་སྟེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཀླུ་ཆེན་པོ་སྟེ། བསྐལ་པར་གནས་པ། ས་འཛིན་པའོ་ཞེས་རྒྱས་པར་གསུངས་པའོ། །
Domain ཆོས་ལུགས།

{{#arraymap:དུད་འགྲོ་

|; |@@@ | | }}