29471
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་སྒོ་བཅུའི་ནང་གསེས་ཤིག་སྟེ། བརྒྱད་གསུམ་ཞེས་པ་ཟླ་བ་དག་གི་ཚེས་བརྒྱད་དང་། བཅོ་བརྒྱད། ཉེར་བརྒྱད་བཅས་ལ་ཟེར་བ་ཡིན། ཚེས་དེ་དག་ཏུ་དུར་བཏབ་ན་དུར་སྲི་བཏུད་ཅིང་ཐ་མར་འཕུང་བས་སྤང་དགོས་ཤིང་། གནམ་སྒོ་འདིའི་སྒྲིབ་བཅོས་ནི་བཻ་དཀར་ལས། བརྒྱད་གསུམ་དུར་གྱི་གནམ་སྒོ་སྒྲིབ། །སྤྱང་ཐོད་གནམ་ལ་འཕྱར་བ་དང་། །ཕག་ཐོད་ས་ལ་སྦེད་པ་དང་། །ཟན་ཆང་འདྲེ་ལ་སྟེར་བ་དང་། །མྱ་ངན་མི་ལ་འབེབས་པ་དང་། །སྣང་བརྒྱད་གཟུངས་དང་ཡང་སྙིང་བཟླ། །ཐོད་ངན་མགལ་པ་སྲི་རུ་མནན། །ལྷ་ཆེན་པོ་ཡི་གཟུངས་ཀྱང་འདོན། །ཞེས་གསུངས། |
| Domain | རྩིས་རིག |