29472

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུར་གྱི་ཉི་མ་ (1)
Part of speech མིང་ཚིག
Definition ཉི་མ་བཅུ་གཉིས་ལས་དུར་ལོ་གླང་ལུག་ཁྱི་འབྲུག་བཞིའི་ཉི་མ་ལ་ཟེར་བ་ཡིན། དེ་ཡང་ལོ་ཁམས་ཆུ་ཡོས་ཡིན་པའི་བརྩི་བྱ་ཞིག་དཔེར་བཀོད་ནས་བརྗོད་ན། སྲོག་ཁམས་ཤིང་ཡིན་པས། ཤིང་དུར་ལུག་གི་ཉི་མ་ཕོ་ཟླ་དྲུག་པོའི་ཚེས་དྲུག་དྲུག་དང་། བཅོ་བརྒྱད་དྲུག གནམ་སྟོང་དྲུག་བཅས་བཅོ་བརྒྱད་ཀྱི་ཁར། མོ་ཟླ་དྲུག་པོའི་ཚེས་བཅུ་གཉིས་དྲུག་དང་། ཉེར་བཞི་དྲུག་བཅས་བཅུ་གཉིས་བསྣན་པའི་སུམ་ཅུ་ནི་སྲོག་གི་དུར་ཉི་ཡིན། ལུས་ཁམས་ལྕགས་ཡིན་པས། ལྕགས་དུར་གླང་གི་ཉི་མ་ཕོ་ཟླ་དྲུག་པོའི་ཚེས་བཅུ་གཉིས་དྲུག་དང་། ཉེར་བཞི་དྲུག་བཅས་བཅུ་གཉིས་ཀྱི་ཁར། མོ་ཟླ་དྲུག་པོའི་ཚེས་དྲུག་དྲུག་དང་། བཅོ་བརྒྱད་དྲུག གནམ་སྟོང་དྲུག་བཅས་བཅོ་བརྒྱད་བསྣན་པའི་སུམ་ཅུ་ནི་ལུས་ཀྱི་དུར་ཉི་ཡིན། དབང་ཁམས་ཆུ་ཡིན་པས། ཆུ་དུར་འབྲུག་གི་ཉི་མ་ཕོ་ཟླ་དྲུག་པོའི་ཚེས་གསུམ་དྲུག་དང་། བཅོ་ལྔ་དྲུག ཉེར་བདུན་དྲུག་བཅས་བཅོ་བརྒྱད་ཀྱི་ཁར། མོ་ཟླ་དྲུག་པོའི་ཚེས་དགུ་དྲུག་དང་། ཉེར་གཅིག་དྲུག་བཅས་བཅུ་གཉིས་བསྣན་པའི་སུམ་ཅུ་ནི་དབང་ཐང་གི་དུར་ཉི་ཡིན། ཀླུང་ཁམས་མེ་ཡིན་པས། མེ་དུར་ཁྱི་ཡི་ཉི་མ་ཕོ་ཟླ་དྲུག་པོའི་ཚེས་དགུ་དྲུག་དང་། ཉེར་གཅིག་དྲུག་བཅས་བཅུ་གཉིས་ཀྱི་ཁར། མོ་ཟླ་དྲུག་པོའི་ཚེས་གསུམ་དྲུག་དང་། བཅོ་ལྔ་དྲུག ཉེར་བདུན་དྲུག་བཅས་བཅོ་བརྒྱད་བསྣན་པའི་སུམ་ཅུ་ནི་ཀླུང་རྟའི་དུར་ཉི་ཡིན།
Domain རྩིས་རིག