29473

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུར་གྱི་ཉི་མ་སོ་དྲུག་ (1)
Part of speech མིང་ཚིག
Definition ལོ་གཅིག་རིང་ཡོད་པའི་ཞག་གི་དུར་ཉི་སོ་དྲུག་སྟེ། སྟག་གིས་ཚེས་པའི་ཕོ་ཟླ་དྲུག་པོའི་ཚེས་དྲུག་དང་བཅོ་བརྒྱད། སུམ་ཅུ་བཅས་ལ་ཚེས་ཉི་དེའི་སྲོག་ཁམས་ཤིང་དུར་ལུགས་ཤར་བས་ན། ཟླ་བ་དེ་དྲུག་ལ་ཡོད་པའི་དུར་ལོ་ལུག་གི་ཉི་མ་བཅོ་བརྒྱད་དང་། སྤྲེལ་གྱིས་ཚེས་པའི་མོ་ཟླ་དྲུག་པོའི་ཚེས་དྲུག་དང་བཅོ་བརྒྱད། སུམ་ཅུ་བཅས་ལ་ཚེས་ཉི་དེའི་སྲོག་ཁམས་ལྕགས་དུར་གླང་ཤར་བས་ན། ཟླ་བ་དེ་དྲུག་ལ་ཡོད་པའི་དུར་ལོ་གླང་གི་ཉི་མ་བཅོ་བརྒྱད་བཅས་ཡིན། འདི་ནི་ཟླ་བ་སོ་སོའི་ནང་དུ་ཤར་བའི་རང་རང་གི་ཚེས་ཉི་གང་ཡིན་དེའི་སྲོག་གི་དུར་ཉི་བསྡོམས་ན་ལོ་གཅིག་གི་རིང་ཡོད་པའི་ཞག་གི་དུར་ཉིའི་གྲངས་ཡིན་ལ། ཚེས་ཉི་གཅིག་གི་སྲོག་ཁམས་ཀྱི་དུར་ཉིའི་དབང་དུ་བྱས་ན་ཕོ་ཟླ་དྲུག་ལ་བཅོ་བརྒྱད་ཡོད་པའི་ཞག་གི་དུར་ཉི་ལུག་དེ་མོ་ཟླ་དྲུག་ལ་བཅུ་གཉིས་དང་། དེ་བཞིན་དུ་མོ་ཟླ་དྲུག་ལ་བཅོ་བརྒྱད་ཡོད་པའི་ཞག་གི་དུར་ཉི་གླང་དེ་ཕོ་ཟླ་དྲུག་ལ་བཅུ་གཉིས་ལས་མེད་པས། ལོ་ཁོར་མོ་ཡུག་ལ་ཞག་གི་དུར་ཉི་སུམ་ཅུ་ལས་མེད་པ་ཡིན།
Domain རྩིས་རིག