29587

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:05, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་ཀྱི་འཁོར་ལོའི་ངེས་དོན་གྱི་དཀའ་འགྲེལ་ (1)
Part of speech མིང་ཚིག
Definition སྔགས་ཀྱི་དབུ་མའི་ལྟ་ཁྲིད་སྐོར། གཞུང་འདིའི་མཚན་རྒྱས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་དཀའ་བའི་གནས་རྣམས་འགྲེལ་བ་སྲས་དྷརྨེ་ཤྭ་རས་མཛད་པ་ཞེས་བྱུང་། གཞུང་འདིའི་བརྗོད་བྱ་ནི་དུས་ཀྱི་འཁོར་ལོའི་རྒྱུད་ནས་གསུངས་པའི་དྲང་ངེས་ལས་བརྩམས་ཏེ་ངེས་དོན་དོན་དམ་བདེན་པའི་གནས་ལུགས་དཀའ་གནས་ལྔའི་སྒོ་ནས་གཏན་ལ་ཕབ་ཡོད་ལ། གཞུང་དེའི་མཇུག་ཏུ། དགེ་བསྙེན་དབང་ཕྱུག་མིང་མཐའ་ཡིས། །སྔགས་ཀྱི་གྲུབ་མཐའ་རྣམ་ངེས་འདི། །ཞེས་གཞུང་འདི་ནི་སྔགས་བླ་མེད་ཀྱི་ལྟ་གྲུབ་གཏན་ལ་ཕབ་པའི་གཞུང་ཡིན་ཚུལ་ཡང་གསུངས་འདུག གཞུང་ཚད་ལ་སྡེབ་གྲངས་བཅུ་དགུ་ཙམ་བཞུགས། མཛད་པ་པོ་ནི་ཇོ་ནང་སྲས་མཆོག་དྷརྨེ་ཤྭ་ར་སྟེ་ཆོས་ཀྱི་དབང་ཕྱུག་ཡིན་ལ། ཁོང་ནི་དགུང་ལོ་སུམ་ཅུའི་བར་དུ་ཡབ་ཡུ་མོ་བ་བསྟེན་ཚུལ་བླ་བརྒྱུད་རྣམ་ཐར་དུ་གསལ་བས་ཁོང་བྱོན་ལོ་ཧ་ལམ་རབ་བྱུང་གཉིས་པའི་སྟོད་ཙམ་སྟེ་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་སྨད་ཙམ་ལ་བྱོན་པ་ཡིན་ནོ། །