29596
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩོད་ཡིག་སྐོར། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་བཀག་པ་ལ་ལན་དུ་བསྲིངས་པའི་རྩོད་ལན་རྣམ་ལྔའི་ཡ་གྱལ་ཅིག་སྟེ། མཛད་པ་པོ་ནི་བྱང་ཆུབ་སེང་གེ་ཡིན་ལ། སྐུལ་བ་བོ་ནི་རྗེ་ཙོང་ཁ་བའི་བླ་མ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ཡིན་ཏེ། གཞུང་དེའི་མཇུག་ཏུ། ཆོས་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་དྲུང་ནས་གསུངས་ཡང་ཡང་བྱོན་པ་དང་། ཤེས་ལྡན་གྱི་སྐྱེས་བུ་འགས་ཡང་ཡང་བསྐུལ་ནས། ཞེས་བྱུང་། གཞུང་ཚད་ལ་སྡེབ་གྲངས་སོ་དྲུག་བཞུགས། མཛད་པའི་དུས་ནི་གསལ་ཁ་མེད་མོད། ཆོས་རྗེ་ཕྱོགས་རྒྱལ་བ་བྱོན་པའི་ལོ་ནི་ཕྱི་ལོའི་དུས་རབས་བཅུ་བཞི་པའི་སྨད་ཡིན་ནོ། ། |