29653
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ འདས་པ་ལ་མཁས་པ་ནི། གང་བདག་དང་། སེམས་ཅན་གཞན་གྱི་འདས་པའི་སེམས་དང་། སེམས་ལས་བྱུང་བ། དགེ་བ་དང་། མི་དགེ་བ་རྣམས་རྗེས་སུ་དྲན་པ་སྟེ། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་ཀྱང་དྲན་ནས་རྣམ་པར་སྨོད་པ་དང་། དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་དྲན་ནས་ཀྱང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་འདས་པ་ལ་མཁས་པའོ། ༢ མ་འོངས་པ་ལ་མཁས་པ་ནི། གང་ལ་འོངས་པའི་སེམས་དང་། སེམས་ལས་བྱུང་བ། དགེ་བའི་རྩ་བའི་ཚོགས་ལ་ངེས་པར་སེམས་ཤིང་། བྱང་ཆུབ་མངོན་དུ་འགྱུར་བའི་ལས་སེམས་ཏེ། བདག་གི་དགེ་བའི་སེམས་བསྐྱེད་པ་གང་དག་སྐྱེ་བར་འགྱུར་བ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །མི་དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་ཀྱི་སྐབས་ནི་མི་དགེ་ཞེས་གང་དེ་ལྟ་བུར་སེམས་ལ་བསྒོ་བ་དེ་ནི་མ་འོངས་པ་ལ་མཁས་པའོ། ༣ ད་ལྟར་བྱུང་བ་ལ་མཁས་པ་ནི། གང་ད་ལྟར་བྱུང་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་ཚུལ་བཞིན་དུ་སྦྱོར་བས། དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་དང་། མི་དགེ་བའི་སེམས་དང་། སེམས་ལས་བྱུང་བ་ཟློག་པ་དང། དགེ་བའི་སེམས་དང་། སེམས་ལས་བྱུང་བ་རྣམས་བྱང་ཆུབ་ཏུ་མངོན་དུ་བྱེད་པ་ནི་ད་ལྟར་བྱུང་བ་ལ་མཁས་པའོ། ། |
| Domain | ཆོས་ལུགས། |