29659

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་གོ་བརྗོད་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཇུག་གི་ཆོ་གའི་སྐབས་སུ་དགེ་སློང་རྣམས་ནང་ཕན་ཚུན་རྒན་གཞོན་གྱི་གོ་རིམ་དང་བསྙེན་བཀུར་གྱི་གནས་དང་གནས་མིན་ལེགས་པར་ཤེས་པའི་ཆེད་དུ་ལས་ཀྱི་སློབ་དང་དགེ་ཚུལ་གྱི་སློབ་དཔོན་ལས་གཞན་པའི་དགེ་སློང་ཞིག་གིས་བསྒྲུབ་བྱ་དགེ་ཚུལ་སློང་གང་ཡིན་པ་དེ་དང་དེ་ཡི་སྡོམ་པ་ཐོབ་པའི་དུས་ཚོད་སྔ་ཆ་དང་ཕྱི་ཆ་སོགས་ཞིབ་པར་ཕྱེ་ནས་བརྗོད་པ་ཞིག་ལ་ཟེར། དེ་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་མཇུག་ཡོད་དེ། དུས་གོ་བརྗོད་པ་དང་། གདམས་ངག་བརྗོད་པ་གཉིས་སུ་ཡོད་པའི་ཕྱིར། དང་པོའི་དགོས་པ་ནི། བསྙེན་བཀུར་གྱི་གནས་དང་། གནས་མ་ཡིན་པ་ཤེས་པའི་ཕྱིར་དུ་ཡིན་ལ། དེ་འཆད་པའི་དབང་དུ་བྱས་ནས། དེ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱའོ། །དེ་ནི་ཐུར་མ་སོར་བཞི་པས་བཟང་ངོ་། །ཉིན་མཚན་གྱི་ཆ་སྔ་དྲོ་ལ་སོགས་པ་དང་། དུས་ཚོད་ཀྱང་ངོ་། ཞེས་པའི་མདོ་རྣམས་གསུངས་དོན་ཡོད་དེ། ཡུལ་གང་ལ་བརྗོད་པ། གང་ཟག་གང་གིས་བརྗོད་པ། དུས་ནམ་གྱི་ཚེ་བརྗོད་པ། དངོས་པོ་གང་བརྗོད་པ། ཚུལ་ཇི་ལྟར་བརྗོད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བསྙེན་རྫོགས་དང་། དགེ་ཚུལ་གྱི་སྡོམ་པ་ཐོབ་མ་ཐག་པ་དེ་ལ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།