29660
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་ཚུལ་དང་བསྙེན་རྫོགས་སྒྲུབ་སྐབས་ཀྱི་བསྒྲུབ་བྱ་ལ་དུས་གོ་བརྗོད་པ་ན་ཕྲ་རིམ་ནས་བརྗོད་པ་དང་རགས་རིམ་ནས་བརྩི་བའི་རིམ་པ་གཉིས་ལའོ། །དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ལྔ་པ་ཚུལ་ཇི་ལྟར་དུ་བརྗོད་པ་ཡོད་དེ། ད་བཟོད་བསླབ་པ་རྒན་གཞོན་བརྩི་བའི་ཚེ་རགས་རིམ་ནས་བརྩི་བ་ལྟར་བརྗོད་པའི་ཚེ་ཡང་རག་རིམ་ནས་བརྗོད་པར་བྱེད་པའི་ཕྱིར། དེ་ལྟར་བརྗོད་པས་ཉན་པ་པོས་རྟོགས་སླ་བའི་ཕྱིར། འོ་ན། ཀརྨ་ཤ་ཏམ། མདོ་རྩ། ལུང་རྣམས་ལས་ཕྲ་རིམ་ནས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལ་ཁ་ཅིག ། སྐྱོན་མེད་དེ། བཤད་པའི་རིམ་པ་ཡིན་གྱི་དོན་གྱི་རིམ་པ་མ་བསྟན། ཞེས་ཟེར། རང་གི་བསམ་དོན་ནི། ཉན་པ་པོ་འགའ་ཞིག་ལ་ཕྲ་རིམ་ནས་བརྗོད་ཀྱང་འགལ་བ་མེད་པ་ལ་དགོངས་ནས་དེ་ལྟར་གསུངས་སམ་སྙམ་མོ། །གཞུང་གི་ངག་དོན་སྔར་བཤད་པས་ཤེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |