29680
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྟུང་བ་བཅབས་མ་བཅབས་བྱེ་བྲག་ཏུ་འཆད་པ་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞི་ཞེས་པ། གཞི་ལྟུང་ལྟུང་མིན་གྱི་རྣམ་དབྱེ་ཤེས་ཤིང་དྲན་ནུས་པའི་དགེ་སློང་ཁོ་ནས། བསམ་པ་གསང་འདོད་ཀྱི་བསམ་རྒྱུན་མ་ཆད་པ། སྦྱོར་བ་ལུས་ངག་གིས་འཆབ་པར་བརྩོན་པ། མཐར་ཐུག་སང་གི་སྐྱ་རེངས་མ་ཤར་བར་བཅབས་པ་སྟེ། ཡན་ལག་བཞི་ཀ་ཚང་ན་བཅབས་པའི་ལྟུང་བ་དངོས་གཞིར་འགྱུར་ཞིང༌། མ་ཚང་ན་མི་འགྱུར་བ་དང༌། ཕམ་པ་འཆབ་བཅས་གསོར་མི་རུང་ཞིང༌། འཆབ་པ་མེད་ན་ལས་ཀྱི་བསླབ་པ་སྦྱིན་པའི་སྒོ་ནས་ཕྱིར་བཅོས་བྱེད་པ་དང༌། ལྷག་ལྟུང་བྱུང་ན་སྤོ་མགུ་སོགས་ཀྱི་ཆད་ལས་བསྒྲུབ་པ་དང༌། སྤང་ལྟུང་གང་ལ་བརྟེན་ནས་ལྟུང་བ་བྱུང་བའི་དངོས་པོ་དེ་ཞག་གཅིག་ཏུ་སྤངས་པ་དང༌། གཞན་རྣམས་ལུས་ངག་ཡིད་ཀྱིས་བཤགས་པ་བྱེད་པ་སོགས་རང་རང་གི་ཆོ་ག་བཞིན་བྱེད་པ། |
| Domain | ཆོས་ལུགས། |