29692

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:07, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་ནག་ (1)
Part of speech མིང་ཚིག
Definition ཉིན་རེ་ཡི་དུས་ཚོད་བཅུ་གཉིས་ལས་ཁྱད་པར་དུ་ངན་པའི་དུས་ཏེ། དེ་ནི་ཉི་མ་དག་གི་ཡར་དང་མར་གྱི་བཞི་གཤེད་ཀྱི་དུས་ཚོད་ཡིན་པས། བྱི་རྟ་ཉིན་གྱི་དུས་ནག་ནི་ནམ་ལངས་ཡོས་དང་ཉི་ནུབ་བྱའི་དུས་ཚོད། བྱ་ཡོས་ཉིན་གྱི་དུས་ནག་གི་ཉིན་ཕྱེད་རྟ་དང་ནམ་ཕྱེད་བྱི་བའི་དུས་ཚོད། གླང་ལུག་ཉིན་གྱི་དུས་ནག་ནི་ཉི་ཤར་འབྲུག་དང་ས་སྲོད་ཁྱིའི་དུས་ཚོད། ཁྱི་འབྲུག་ཉིན་གྱི་དུས་ནག་ནི་ཉིན་གྱི་ཕྱེད་ཡོལ་ལུག་དང་མཚན་གྱི་ཕྱེད་ཡོལ་གླང་གི་དུས་ཚོད། སྟག་སྤྲེལ་ཉིན་གྱི་དུས་ནག་ནི་ཉི་དྲོས་སྦྲུལ་དང་སྲོད་འཁོར་ཕག་གི་དུས་ཚོད། སྦྲུལ་ཕག་ཉིན་གྱི་དུས་ནག་ནི་ཉི་མྱུར་སྤྲེལ་དང་ཐོ་རངས་སྟག་གི་དུས་ཚོད་བཅས་ཡིན། དུས་ནག་དེ་དག་དྲག་ལས་བགྱིད་པར་བཟང་ཡང་། དུར་མཁར་གྱི་ལས་དང་། སྟོན་མོ། རབ་གནས། མངའ་གསོལ། ཆོས་སྟོན། ཡུལ་གསར་འཛིན། བག་མ་གཏོང་ལེན་སོགས་བྱ་བ་གལ་ཆེན་ཐམས་ཅད་བགྱིད་པར་ངན་པས། བཅོས་སུ་སྦྲ་ཁྱིམ་གྱི་སྒོ་གཡས་སུ་གཡུང་དྲུང་དང་གཡོན་དུ་ཉི་ཟླ་བྲིས་ན་ཐུབ་པར་བཤད།
Domain རྩིས་རིག