29738

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:07, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་མ་ཡིན་པར་འཆི་བ་དགུ་ (1)
Part of speech མིང་ཚིག
Definition འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ལས་བྱུང་བ་སྟེ། སེམས་ཅན་ནད་ཀྱིས་བཏབ་པ་ལ་དེ་ནད་ཚབས་མི་ཆེས་ཀྱང་སྨན་དང་། རིམ་གྲོ་བྱེད་པ་དང་མི་ལྡན་ནམ། ཡང་ན་སྨན་པ་སྨན་མ་ཡིན་པ་བྱེད་པ་ཡང་ཡོད་པ། གང་རྒྱལ་པོའི་ཆད་པས་འཆི་བའི་དུས་བྱེད་པ། གང་དག་ཧ་ཅང་བག་མེད་དམ། བག་མེད་པར་གནས་པ་དེ་དག་ལ་མི་མ་ཡིན་པ་དག་གིས་མདངས་འཕྲོག་པ། གང་དག་མེས་ཚིག་སྟེ་འཆི་བའི་དུས་བྱེད་པ། གང་དག་ཆུས་འཆི་བ། གང་དག་སེངྒེ་དང་། སྟག་དང་། ཝ་དང་། སྦྲུལ་དང་། གཅན་གཟན་ཁྲོ་བོའི་ནང་དུ་ཚུད་དེ་འཆི་བ། གང་དག་རི་ཁ་ནས་གཡང་དུ་ལྷུང་བ། གང་དག་དུག་དང་། བྱད་དང་། རོ་ལངས་ཀྱི་སྦྱོར་བས་གསོད་པ། གང་དག་ཟས་དང་། སྐོམ་མ་རྙེད་ནས་བཀྲེས་པ་དང་། སྐོམ་པས་ཉེན་ཏེ་འཆི་བའི་དུས་བྱེད་པའོ། །
Domain ཆོས་ལུགས།