29802

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་མཆན་འགྲེལ་ (1)
Part of speech མིང་ཚིག
Definition སྔགས་རྒྱ་གཞུང་མཆན་འགྲེལ་གྱི་སྐོར། འགྲེལ་ཆེན་དྲི་མེད་འོད་མཆན་གྱིས་འགྲེལ་བའི་གཞུང་ཞིག་སྟེ། གཞུང་མཚན་རྒྱས་པ་ནི། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཆན་གྱིས་གསལ་བར་མཛད་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད། ཅེས་བཏགས། མཆན་གྱིས་འགྲེལ་བྱའི་རྒྱ་འགྱུར་དེ་ཡང་ཇོ་ནང་འགྱུར་ཞེས་ཡོངས་སུ་གྲགས་པ་དེ་ཡིན་ཏེ། མཆན་འགྲེལ་དེའི་མཇུག་གི་འགྱུར་བྱང་སྐབས་སུ། སླར་ཡང་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དང་དཔལ་དུས་ཀྱི་འཁོར་ལོ་པ་ཆེན་པོ་དྷརྨ་ཀཱིརྟི་ཤྲཱི་བྷ་ཏྲས་༼ཆོས་གྲགས་དཔལ་བཟང་བོ། ༽འདིའི་དོན་རྣམས་ལེགས་པར་དགོངས་ཤིང་བཀའ་ཡིས་བསྐུལ་ནས་དེ་དག་གི་གསུང་བཞིན་དུ་པཎྚི་ཏ་ཆེན་པོ་སྠི་ར་མ་ཏིའི་༼བློ་གྲོས་བརྟན་པ་༽བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་རིགས་པ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་གྲོས་རྒྱལ་མཚན་དང་། བློ་གྲོས་དཔལ་བཟང་པོས་རྒྱུད་དང་འགྲེལ་བའི་རྒྱ་དཔེ་མང་བོ་ལ་གཏུགས་ནས་དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་། གཞུང་ཚད་ལ་པོད་ཆེན་གསུམ་བཞུགས། མཛད་དུས་གསལ་ཁ་མ་རྙེད་མོད། ཁོང་གི་རྣམ་ཐར་དུ། དགུང་ལོ་དྲུག་ཅུར་ཇོ་ནང་དུ་རྒྱུད་འགྲེལ་གསུངས། ཞེས་པའི་སྐབས་ཡིན་པའི་དབང་དུ་བཏང་ན་རབ་བྱུང་དྲུག་པའི་མེ་རྟ་ཕྱི་ལོ་ ༡༣༦༦ ལོ་ཡིན་འདུག