29810
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། བླ་མེད། འཁོར་འདས་ཀྱི་སྣོད་བཅུད་མ་ལུས་པའི་གཟུགས་བརྙན་བན་གྱི་མེ་ལོང་ལྟ་བུ་ཡེ་ཤེས་ཏེ། དེ་དང་པོ་མཚན་མ་བཅུ་རུ་འཆར་བ་དྲི་མེད་འོད་ལས། དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་རུ་འགྱུར་ཏེ། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ཆ་ཤས་དང་། ཐིག་ལེ་མཐོང་བའི་དབྱེ་བས་མ་རྟགས་པ་ཡེ་ཤེས་ཀྱི་ཕུང་པོའོ། །བཅུ་པོ་འདི་ཉིད་རྣལ་འབྱོར་པ་ལ་ཉམས་མྱོང་གི་འོད་གསལ་བཅུ་དང་། བྱང་ཆུབ་སེམས་པའི་རྒྱུད་ལ་ཕར་ཕྱིན་བཅུ་དང་། དཀྱིལ་འཁོར་ལ་ལྷ་མོ་བཅུ་དང་། སངས་རྒྱས་ལ་སྟོབས་བཅུ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཁོ་ན་ཡིན་ནོ། །འབའ་རོམ་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་སྦྱོར་དྲུག་དབུ་ཅན་ལྡེབ་གྲངས། ༡༤ལས། |
| Domain | ཆོས་ལུགས། |