29825

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:08, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་འགལ་གྱི་དམིགས་བསལ་ (1)
Part of speech མིང་ཚིག
Definition སྙན་ངག་གི་སྐྱོན་སེལ་སྐབས་སུ་བསྟན་པའི་དུས་འགལ་གྱི་དམིགས་བསལ་ནི། རྩ་བ་ལས། རྒྱལ་པོ་འཇིག་པ་གསལ་བྱེད་པ། །ཀ་དམྤ་ཡི་རྡུལ་དང་འགྲོགས། །འདབ་བདུན་ལས་འཁྲུངས་སྐྱེད་བྱེད་ཅིང་། །དྲག་པོ་ཡི་ནི་རླུང་དག་རྒྱུ། །ཞེས་རྒྱལ་པོ་འཇིག་པ་སྟེ་འཆི་བ་གསལ་བར་བྱེད་པའི་ལྟས་ངན་དུ་ཤིང་ཀ་དམྤ་ཞེས་པའི་མེ་ཏོག་ནི་རྡུལ་མང་པོ་ཅན་ཡིན་པས། དེའི་རྡུལ་རྣམས་དེ་དང་ལྷན་ཅིག་ཏུ་འགྲོགས་པའི་ཤིང་འདབ་མ་བདུན་པའི་མེ་ཏོག་ལ་ཆགས་ཤིང་དེ་གཉིས་ཀ་རླུང་དྲག་པོ་རྩུབ་པར་རྒྱུ་བ་རྣམས་ཀྱིས་སྐྱོད་པར་བྱེད་དོ། །ཞེས་པ་འདི་ནི་ཀ་དམྤའི་མེ་ཏོག་དབྱར་འབྱུང་ཞིང་། འདབ་མ་བདུན་པའི་མེ་ཏོག་སྟོན་ཀ་འབྱུང་བས། དེས་ན་འདིར་དེ་གཉིས་ཀ་ལྷན་ཅིག་པར་སྟོན་པས་ན་དུས་དང་འགལ་བ་ཡིན་མོད་ཀྱང་། རྒྱལ་པོ་འཆི་བའི་ལྟས་ངན་སྟོན་པའི་སྐབས་ཡིན་པས་ན་སྐྱོན་མེད་པ་སྟེ།
Example བོད་མཁས་པས། ཀུན་མཁྱེན་ངག་གི་དབང་ཕྱུག་བུངྔྷའི་ཞབས། །ཆོས་དབྱིངས་ཞི་བར་གཞོལ་ལ་མངོན་ཕྱོགས་ཚེ། ། དགུན་དུས་ཁ་བའི་རྡུལ་ཟགས་དང་འགྲོགས་པའི། །མེ་ཏོག་གསར་དུ་དགོད་པའི་ངོ་མཚར་མཐོང་། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག