29858

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དུས་ལས་མི་འདའ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་བསྐྱེད་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་མངོན་པར་རྫོགས་པར་འཚང་རྒྱ་བ་ལས་མི་འདའ་བ། དུས་དེ་རྣམས་སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཡང་དག་པར་དགེ་བའི་རྣམ་པར་སྨིན་པའི་རྣམ་པར་སྨིན་པ་ལས་མི་འདའ་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སེམས་ཅན་གྱི་བསམ་པ་བཞིན་དུ་ཆོ་འཕྲུལ་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སེམས་ཅན་རྣམས་ཇི་ལྟར་དད་པ་བཞིན་དུ་སངས་རྒྱས་ཀྱི་སྐུའི་བྱིན་གྱི་རླབས་སྟོན་པ། སངས་རྒྱས་བཅོན་ལྡན་འདས་རྣམས་དུས་མཁྱེན་ནས་བཏང་སྙོམ་ལ་གནས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དུ་འཇུག་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཇི་ལྟར་རབ་ཏུ་དང་བའི་སེམས་ཅན་རྣམས་རབ་ཏུ་འཛིན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཉོན་མོངས་ཤིང་གདུལ་དཀའ་བའི་སེམས་ཅན་ལ་མི་བརྩམས་པས་འདུལ་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དམིགས་པ་སྟོན་པའོ། །
Domain ཆོས་ལུགས།