30022

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དེ་ཉིད་རྣམ་པ་བཅུ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དེ་ཉིད་རྣམ་པ་བཅུ་དྲུག་ནི། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། དེ་ཉིད་རྣམ་པ་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:དེ་ཉིད་རྣམ་པ་བཅུ་དྲུག་

|; |@@@ | | }}

དེ་ཉིད་རྣམ་པ་བཅུ་དྲུག་ (2)
Part of speech མིང་ཚིག
Definition ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་ཉིད་རྣམ་པ་བཅུ་དྲུག་རིག ། ཅེས་པ། བདེན་པ་བཞི་རེ་རེ་ལ་བཞི་བཞི་ཡེ་ཤེས་བཅུ་དྲུག་ཏུ་ཕྱེ་སྟེ་བཤད་པས། ཉོན་མོངས་བརྒྱད་ཅུ་རྩ་དྲུག་སྤངས་ནས། དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པའོ། །ཞེས་གསུངས་ཏེ། བདེན་བཞི་མི་རྟག་བཅུ་དྲུག་གི་དོན་རིག་པའོ། །

{{#arraymap:དེ་ཉིད་རྣམ་པ་བཅུ་དྲུག་

|; |@@@ | | }}