30074

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:10, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དེ་བཞིན་གཤེགས་པ་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་རྒྱུ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། སྦྱངས་པའི་ཡོན་ཏན་བསྟན་པ་དང༌། ཁ་ཅིག་བསོད་སྙོམས་ལ་གཟུང་པའི་ཕྱིར་རོ། །ཁ་ཅིག་དོན་མཐུན་པས་བསྡུ་བའི་ཕྱིར་རོ། །མ་འོངས་པའི་སྐྱེ་བའི་སྣང་བ་བྱས་པར་འགྱུར་བ་དང༌། དེ་དག་ཀྱང་ཐ་ན་འདོད་པ་ཙམ་ཡང་སྐྱེད་པར་འགྱུར་བ། མུ་སྟེགས་ཅན་ངན་ངོན་ཙམ་ལ་མོས་པ་རྣམས་བསྡུ་བའི་ཕྱིར་རོ། །གཏམ་ཐོས་པ་ཙམ་གྱིས་ཞེ་འགྲས་པ་རྣམས་སྤྱོད་ལམ་ཞི་བ་དང་གཟུགས་མཛེས་པ་ལེགས་པར་མཐོང་བས་སེམས་གཡོ་བར་བྱ་བའི་ཕྱིར་རོ། །སྐྱེ་བོ་ཐ་མལ་པར་གནས་པ། ཚེགས་ཆུང་ངུས་བསོད་ནམས་ཀྱི་བྱ་བ་ལ་ཡང་དག་པར་གཟུད་པའི་ཕྱིར་རོ། །དད་པ་ཅན་བག་མེད་པ་རྣམས་ངོ་ཚ་བ་བསྐྱེད་པའི་ཕྱིར་རོ། །ཚེགས་ཆུང་ངུས་བསོད་ནམས་ཀྱི་ལས་བྱེད་དུ་གཞུག་པའི་ཕྱིར་རོ། །བག་མེད་པ་རྣམས་ཇི་ལྟ་བ་དེ་བཞིན་དུ་རང་བཞིན་གྱི་ལེ་ལོ་ཅན་རྣམས་ཀྱང་དེ་དང་འདྲ་བ་དང༌། སེམས་ཅན་ལོང་བ་དང་། འོན་པ་དང༌། སྨྱོན་པ་དང༌། སེམས་འཁྲུགས་པ་ལ་སོགས་པའི་གནོད་པ་རྣམ་པ་སྣ་ཚོགས་ཡང་དག་པར་ཞི་བར་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཁྱིམ་གང་དུ་གཤེགས་པ་དེ་དག་ཏུ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་མཐའ་ཡས་པ་རགས་པ་རྣམས་སྤྲོ་བར་འགྱུར་ལ་འཚེ་བར་ནི་མི་བྱེད་པར་འགྱུར་བའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་གྲོང་དུ་བསོད་སྙོམས་ལ་གཤེགས་པའི་རྒྱུ་རྣམ་པ་བཅུ་

|; |@@@ | | }}