30162

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དེ་བཞིན་གཤེགས་པ་བཞི་ (1)
Part of speech མིང་ཚིག
Definition རྒྱལ་བ་རིན་ཆེན་མང་ནི་ཤཱཀྱ་ཐུབ་པ། གཟུགས་མཛེས་དམ་པ་འཇམ་དབྱངས། སྐུ་འབྱམས་ཀླས་པ་སྤྱན་རས་གཟིགས། འཇིགས་པ་ཐམས་ཅད་དང་བྲལ་བ་ཕྱན་ན་རྡོ་རྗེའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་བཞི་

|; |@@@ | | }}

དེ་བཞིན་གཤེགས་པ་བཞི་ (2)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པ་བཞི་པོ་ངོས་འཛིན་ལུགས་མང་ཡང། ས་སྐྱ་པས་བཞེད་པ་སྔོན་བྱོན་པའི་སངས་རྒྱས་བཞི་ལ་འཇོག དེ་ཡང་དང་པོ་སེམས་བསྐྱེད་པའི་དུས་ཉིད་ན་སངས་རྒྱས་ལ་རིན་པོ་ཆེའི་བང་མཛོད་མང་པོ་ཕུལ་ཞིང་སེམས་ཅན་རྣམས་ལ་སྦྱིན་པ་མང་དུ་བཏང་བས་ན་མཚན་ཐོས་པ་ཙམ་གྱིས་དབུལ་བ་སེལ་བ་སྟེ། སྐུ་མདོག་གསེར་བཙོ་མ་ལྟ་བུ་རྒྱལ་བ་རིན་ཆེན་མང་ཞེས་གྲགས་པ་དེའི་མཚན་བརྗོད་པས་རིགས་དྲུག་གི་མགྲོན་འགའ་ཞིག་ལ་ཟས་བྱིན་ཀྱང་ཚིམ་མི་ནུས་པས་ན་དེ་དག་གི་སེར་སྣའི་སྒྲིབ་པ་ཐམས་ཅད་བསལ་ནས་དགོས་འདོད་ཐམས་ཅད་འབྱུང་ཞིང་བསོད་ནམས་ཟད་མི་ཤེས་པ་ཐོབ་པ་འགྱུར་རོ། །གཟུགས་མཛེས་དམ་པ་ནི་སེམས་བསྐྱེད་པའི་དུས་སུ་བཟོད་པ་གཙོ་བོར་གྱུར་པའི་ཕར་ཕྱིན་དྲུག་ལ་བཞུགས་ཤིང་སྨོན་ལམ་བཏབ་པ་དང། མཚན་ཐོས་པ་ཙམ་གྱིས་ཡིད་འཕྲོག་ཅིང། གཟུགས་བཟང་ཞིང་མཛེས་པ་གངས་རིའི་ཕུང་པོ་ལྟ་བུ་སྟེ་གཟུགས་དམ་པ་ཞེས་གྲགས། དེའི་མཚན་བརྗོད་པས་མགྲོན་རྣམས་ལུས་མི་སྡུག་པ་བཅོམ་ནས་གཟུགས་བཟང་ཞིང་མཚན་དང་དཔེ་བྱད་ལ་སོགས་པ་ཐོབ་པར་འགྱུར་རོ། །སྐུ་འཇམ་ཀླས་ནི་སེམས་བསྐྱེད་པའི་ཚེ་དགེ་བ་མང་དུ་བསགས་ཤིང་སྐུ་བསམ་གྱིས་མི་ཁྱབ་པ་གུར་གུམ་གྱི་རི་ལ་ཉི་མ་ཤར་བ་ལྟ་བུ་སྟེ་སྐུ་འཇམ་ཀླས་ཞེས་སུ་གྲགས། དེའི་མཚན་ཐོས་པས་མགྲོན་རྣམས་ཀྱི་ན་ཚ་དང། ཁ་ཟས་མི་གཙང་བ་དང། མགོ་ལུས་མི་འཚམས་པའི་ཉེས་པ་བྱང་བར་འགྱུར་རོ། །འཇིགས་པ་ཐམས་ཅད་དང་བྲལ་བ་ནི་མི་འཇིགས་པའི་སྟོབས་ལ་མངའ་བརྙེས་ཤིང། སེམས་ཅན་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བཏང་བ་སྟེ་སྐུ་མདོག་ཨིནྜ་ནི་ལའི་མདོག་ཅན་འཇིགས་པ་ཐམས་ཅད་དང་བྲལ་བ་སྟེ། དེ་ལ་ཕྱག་འཚལ་བས་མགྲོན་རྣམས་ལ་གཞན་གྱིས་བརྡེག་བཙོག་མེད་ཅིང་སྡུག་བསྔལ་དང་བྲལ་བའི་ཆེད་ཡིན་གསུངས་སོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །

{{#arraymap:དེ་བཞིན་གཤེགས་པ་བཞི་

|; |@@@ | | }}