30200

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དེ་བཞིན་གཤེགས་པ་ལ་མར་མེ་ཕུལ་བའི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པས་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་ཐོབ་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་མར་མེ་འབུལ་བའི་མདོ་ལས་བྱུང་བ་སྟེ། ཤའི་མིག་མཆོག་འཐོབ་པ། དྲན་པ་སྤྱི་གཙུག་ལྟར་མི་མཐོང་བ་འཐོབ་པ། བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཆ་དང་མཐུན་པའི་ལྷའི་མིག་མཆོག་འཐོབ་པ། ཤེས་རབ་ཡོངས་སུ་རྫོགས་པས་ཚུལ་ཁྲིམས་ཉམས་པ་མེད་པ་འཐོབ་པ། སྔོན་བསོད་ནམས་བྱས་པས་མཐོ་རིས་འཐོབ་པ། བསོད་ནམས་ལེགས་པར་བྱས་པས་དལ་བ་ཕུན་སུམ་ཚོགས་པ་འཐོབ་པ། སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་གྱུར་པས་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་འཐོབ་སྟེ། དེ་ལའང་ཞེ་འགྲས་པ་མེད་པའི་ཡིད་དང་ལྡན་ཞིང་མཆོག་ཏུ་བལྟ་ན་སྡུག་པའམ། ལྷའི་དབང་པོ་བརྒྱ་བྱིན་རྫུ་འཕྲུལ་ཆེན་པོ་ཐོབ་ཅིང་མིག་སྟོང་དང་ལྡན་པའམ། ཚངས་པའི་གནས་ལ་མཁས་པའི་ཚངས་པར་འགྱུར་ཏེ་གྲགས་པའི་བསམ་གཏན་འཐོབ་པར་འགྱུར་བའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་ལ་མར་མེ་ཕུལ་བའི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོས་པས་འདུན་པར་འགྱུར་བའི་ཆོས་ཀྱི་མཆོག་ཐོབ་པ་བརྒྱད་

|; |@@@ | | }}