30220

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:11, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དེ་བཞིན་གཤེགས་པ་སྨྲ་བའི་སེང་གེ་བླ་ན་མེད་པ་ཞེས་བྱ་བར་ལྡན་པའི་ཡན་ལག་དྲུག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ ཐོག་མ་ཁོ་ནར་རྒོལ་བ་འོངས་ན་ཇི་ཙམ་དགོས་པར་དྲི་བ་རྣམས་ཀྱི་སྐབས་འབྱེད་པར་མཛད་པ། ༢ རྩོད་པར་བཞེད་པའི་ཕྱིར་རྩོད་པ་རྩོམ་པར་མཛད་པ་ནི་མ་ཡིན་གྱི་སེམས་ཅན་ལ་ཐུགས་བརྩེ་བ་འབའ་ཞིག་གི་ཕྱིར་དང་མི་དགའ་བ་རྣམས་དགའ་བར་བྱ་བ་དང༌། དགའ་བ་རྣམས་ཕྱིར་ཞིང་བསྐྱེད་པར་བྱ་བའི་ཕྱིར་དང༌། དེ་རྩོད་པ་མཛད་པ་ན་ཡང་དབང་པོ་རྣམས་རབ་ཏུ་ཞི་ཞིང་འགྱུར་བ་མེད་པ། ༣ དེ་ལ་བག་ཚ་བའི་འཇིགས་པ་བག་ཆགས་ཀྱི་འབྲེལ་པ་ཙམ་ཡང་མེད་པ་དང༌། དེ་ལ་ལྷར་བཅས་པའི་འཇིག་རྟེན་གྱིས་ཚར་བཅད་དུ་མེད་པ་དང༌། དེས་ལན་གྱི་རྣམ་པ་གཅིག་བཏབ་པ་ལས་འདའ་བར་ནུས་པ་འགའ་ཙམ་ཡང་མེད་དེ་ལན་དང་པོ་བཏབ་བ་ཁོ་ནས་ཚར་གཅོད་པར་འགྱུར་བ། ༤ ཤིན་ཏུ་མཁས་ཤིང་འཇིགས་པ་མེད་པ་ཡང་དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་རྩོད་པ་རྩོམ་པ་ན་སྤོབས་པ་ཡང་རྡུགས་པར་འགྱུར་ལ་བག་ཚ་བའི་འཇིགས་པ་ཡང་ཤས་ཆེར་འབྱུང་བར་འགྱུར་བ། ༥ གཡོ་བའི་རྩོད་པ་ཐམས་ཅད་ཀྱི་སྒོ་ནས་ཀྱང་གཡོ་བྱ་བར་མི་ནུས་པ་དང༌། འཁོར་འདུས་ཤིང་འཁོད་པ་གཟུ་བོར་འདུག་པ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ལ་ནི་རྒྱལ་བར་འགྱུར་བའི་སེམས་ཉེ་བར་འཇོག་ལ་རྒོལ་བ་ལ་ནི་ཕམ་པར་འགྱུར་བའི་སེམས་ཉེ་བར་འཇོག་པ། ༦ དེ་དག་དེ་བཞིན་གཤེགས་པའི་གསུང་ལ་ནི་བཙན་པར་འཛིན་ལ་རྒོལ་བའི་ཚིག་ལ་ནི་བཙན་པར་མི་འཛིན་པའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་སྨྲ་བའི་སེང་གེ་བླ་ན་མེད་པ་ཞེས་བྱ་བར་ལྡན་པའི་ཡན་ལག་དྲུག་

|; |@@@ | | }}