30303
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ གཞལ་མེད་ཁང་ཆེན་པོར་གནས་པ་དང་། བོང་སྟེ་བཟང་པོར་གྲགས་པ་དང་། སྤྲོ་བ་མང་བ། ཚེ་རིང་བ། གྲགས་པ་དང་ལྡན་པ། བདེ་བ་མང་བ་སྟེ་འདི་ནི། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ནོ། ། ༢ གཞན་ཡང་ཕྱུག་པོ་དང་། ནོར་མང་བ། ལོངས་སྤྱོད་ཆེ་བ། ནོར་རྫས་དང་ཡོ་བྱད་མང་བ། བདག་དབང་བ་ལ་བདག་གིར་བྱ་བ་མང་བ། ནོར་དང་འབྲུ་དང་དབྱིག་དང་གསེར་དང་མཛོད་དང་བང་བའི་ཚོགས་མང་བ་དང་། རྟ་དང་གླང་པོ་ཆེ་དང་བ་གླང་དང་ལུག་དང་། བྲན་ཕོ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་མང་བ་དང་། བློན་པོ་དང་མཛའ་བཤེས་དང་། གཉེན་དང་སྣག་གི་གཉེན་མཚམས་མང་པོར་གྱུར་ཏེ། འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ནོ། ། ༣ གཞན་ཡང་གཟུགས་བཟང་པོ་དང་ལྟ་ན་སྡུག་པ་དང་། མཛེས་པ་དང་མདངས་གསེར་ལྟར་བཟང་བ་དང་། མགོ་གདུགས་ལྟར་ཟླུམ་པ་དང་། ལག་པ་རིང་བ་དང་། དཔྲལ་བ་དབྱེས་ཆེ་བ་དང་། སྨིན་མཚམས་བར་མ་ཆད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ནོ། ། ༤ གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང་། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུའམ་ཆུང་མའམ་བྲན་ནམ་ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང་། བཀའ་ཉན་པར་བྱེད་དེ། འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ནོ། ། ༥ གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང་། ལྷའི་བུ་དང་། ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ་གནས་བཅུ་པོ་ལྷའི་ཚེ་དང་། མདོག་དང་། སྟོབས་དང་། བདེ་བ་དང་། དབང་ཕྱུག་རྣམས་ལ་དབང་བྱེད་པ་དང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དོ། །དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་ནོ། ། |
Domain | ཆོས་ལུགས། |
{{#arraymap:དེ་བཞིན་གཤེགས་པའི་སྐུ་བརྙན་བཞེངས་པའི་སྦྱིན་བདག་འཐོབ་པའི་ཕན་ཡོན་ལྔ་
|; |@@@ | | }}