30313
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དབུ་མའི་སྐོར། བཀའ་འཁོར་ཐ་མའི་མདོ་འགྲེལ་ཞིག་སྟེ། བརྗོད་བྱ་ནི་དཔེ་དགུས་མཚོན་པའི་བདེ་གཤེགས་སྙིང་པོ། འགྲེལ་བྱ་ནི་འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། གཞུང་དོན་རབ་དབྱེ་ལ་གསུམ་སྟེ། ཕུན་ཚོགས་ལྔའི་གླེང་གཞི་བཤད་པ། དཔེ་དོན་དགུས་བདེ་གཤེགས་སྙིང་པོ་བཤད་པ། མདོ་འདི་ལ་གུས་པའི་ཕན་ཡོན་བཤད་པ་བཅས་སོ། །ཇི་ལྟར་འགྲེལ་ཚུལ་ནི་ལུང་རིགས་གཉིས་ཀྱི་སྒོ་ནས་དགག་བཞག་སྤང་གསུམ་བྱས་ཏེ་བཀྲལ། གཞུང་ཚད་ལ་སྡེབ་ངོས་ལྔ་བཅུ་ཙམ་བཞུགས། མཛད་པ་བོ་ནི། ཇོ་ནང་བ་ཞང་སྟོན་མཁས་པ་ཆེན་པོ་བསོད་ནམས་གྲགས་པ། མཛད་པའི་ཡུལ་ནི། དབེན་གནས་དཔལ་ལྡིངས། མཛད་པའི་དུས་ནི་གསལ་བོར་མེད་ཀྱང་། ཁོང་གི་འཁྲུངས་འདས་ཕྱི་ལོ་༡༢༨༠ ནས་༡༣༥༨ བར། རྣམ་ཐར་ནང་དུ། དགུང་ལོ་སོ་ལྔ་བཞེས་པའི་དུས་སུ་ཆོས་རྗེ་རིན་པོ་ཆེ་དང་ཞལ་མཇལ་ནས་བཟུང་སྟེ། རེ་གསུམ་བར་དུ་བསྟེན་ནོ། །ཞེས་གསུངས་པ་ལྟར་ན་སྐུ་ཚེ་སྨད་ལ་མཛད་པ་འདྲ། |
{{#arraymap:དེ་བཞིན་གཤེགས་པའི་སྙིང་བོའི་མདོའི་འགྲེལ་བ་སྙིང་བོ་རབ་གསལ་
|; |@@@ | | }}