30489
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་རྟགས་སམ་རྒྱུ་མཚན་དུ་བཀོད་ཀྱང་དེ་སྒྲུབ་ཀྱི་རྒོལ་བའི་ངོར་ཕྱོགས་ཆོས་མ་གྲུབ་པ་དེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཞེས་བྱ་སྟེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། གསུམ་པ་མ་གྲུབ་པའི་གཏན་ཚིགས་ལ། མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པ་དེ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གཉིས་པ་དབྱེ་བ་ལ། དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས། རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང་གསུམ་ལས། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |