30497
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟགས་སམ་རྒྱུ་མཚན་ལ་བརྟེན་ནས་གཞི་གང་ཡང་རུང་བའི་སྟེང་དུ་ཆོས་གང་ཡིན་པར་བསྒྲུབ་པའི་ཚེ་བསྒྲུབ་བྱའི་ཆོས་དེ་གང་ཡིན་ཡང་དེ་ཡིན་པ་ཙམ་གྱིས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་ཟེར་བ་ཡིན་ཏེ། |
| Example | བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་མི་རྟག་པ་གང་ཡིན་ཐམས་ཅད་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་ཟེར་བ་བཞིན་ཡིན་ཏེ། དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཕྱོགས་དེ་ལ་མི་རྟག་པའི་སྤྱི་ལྡོག་དང་གཞི་ལྡོག་ཐམས་ཅད་ལ་འཇོག་དགོས་པའི་ཕྱིར། ཞེས་གསུངས། |
| Domain | ཚད་མ། |