30951

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 2b)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དོན་བཅུ་ (1)
Part of speech མིང་ཚིག
Definition མདོ། ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ནན་ཏན་ལྷུར་ལེན་པའི་ཕྱིར་ཐོས་པའི་དོན། རབ་ཏུ་དབྱེ་བ་ལ་མཁས་པའི་ཕྱིར་ཆོས་ཀྱི་དོན། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་སྟོང་པའི་དོན། སེམས་ཅན་གྱིས་འདུ་འཛིས་དབེན་པའི་ཕྱིར་དབེན་པའི་དོན། སེམས་ཅན་གྱི་སྒྲ་ལ་མངོན་པར་ཆགས་པ་མེད་པའི་ཕྱིར་བརྗོད་དུ་མེད་པའི་དོན། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན། རོ་མཉམ་པ་ཉིད་ཕྱིར་ཆོས་ཀྱི་དབྱིངས་ལ་འཇུག་པའི་དོན། དེ་བཞིན་ཉིད་ཀྱི་རྗེས་སུ་འབྲང་བའི་ཕྱིར་དེ་བཞིན་ཉིད་ཀྱི་དོན། ཡང་དག་པའི་མཐའ་རྟོགས་པའི་ཕྱིར་ཡང་དག་པའི་མཐའི་དོན། སྡུག་བསྔལ་གྱི་ཕུང་པོ་ཡང་དག་པར་གཅད་ཅིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པ་བསྐྱེད་པའི་ཕྱིར། མྱ་ངན་ལས་འདས་པ་ཆེན་པོའི་དོན་དང་བཅུའོ། །
Domain ཆོས་ལུགས།

{{#arraymap:དོན་བཅུ་

|; |@@@ | | }}

དོན་བཅུ་ (2)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་ཁམས་རྣམ་པར་གཞག་པ་རིག་པར་བྱ་བའི་དོན་བཅུ་སྟེ། ངོ་བོའི་དོན། རྒྱུའི་དོན། འབྲས་བུའི་དོན། ལས་ཀྱི་དོན། ལྡན་པའི་དོན། འཇུག་པའི་དོན། གནས་སྐབས་རབ་ཏུ་དབྱེ་བའི་དོན། ཀུན་ཏུ་འགྲོ་བའི་དོན། མི་འགྱུར་བའི་དོན། དབྱེར་མེད་པའི་དོན་ནོ། །

{{#arraymap:དོན་བཅུ་

|; |@@@ | | }}

དོན་བཅུ་ (3)
Part of speech མིང་ཚིག
Definition ཕུང་པོ། ཁམས། སྐྱེ་མཆེད། རྟེན་འབྲེལ། གནས་དང་གནས་མ་ཡིན། དབང་པོ། དུས། བདེན་པ། ཐེག་པ། འདུས་བྱས་འདུས་མ་བྱས།

{{#arraymap:དོན་བཅུ་

|; |@@@ | | }}

དོན་བཅུ་ (3)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དོན་བཅུ་ནི། རིགས་ལྔ་དང་ཡེ་ཤེས་ལྔ་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། རྣམ་པ་བཅུ་ནི་འཁོར་བའི་ཆོས་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་སྟེ་བཅུའོ། །འཁོར་བའི་ཆོས་ཐམས་ཅད་བསྡུས་ན་དེར་འདུས་སོ། །དེ་དག་རྣམ་པར་དག་པས་དོན་བཅུ་སྟེ། རིགས་ལྔ་ཡེ་ཤེས་ལྔ་སྟེ་བཅུའོ། །དེ་བཅུ་ནི་དོན་དུ་གཉེར་བར་བྱ་བའི་འོས་ཡིན་པས་དོན་ཞེས་བྱའོ། །ཞེས་གསུངས།

{{#arraymap:དོན་བཅུ་

|; |@@@ | | }}