30959
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དོན་རྒྱན་སོ་ལྔའི་ནང་གསེས་ལྔ་པ་བསྐོར་བའི་རྒྱན་གྱི་ནང་གསེས་དང་པོ་སྟེ། བསྐོར་བ་ཞེས་བྱ་བ་ཟློས་པའི་དོན་ཡིན། འདི་ལ་བཞེད་ཚུལ་འདྲ་མིན་སྣ་ཚོགས་ཡོད་པས། བོད་མཁས་ལྟར་ན། བསྐོར་བྱའི་ཡུལ་ལམ། དངོས་པོ་ཐ་དད་ཅན་འགའ་ཞིག་ལ་སྐོར་བྱེད་ཀྱི་ཚིག་དེ། བརྗོད་བྱའི་དོན་གཅིག་ཏུ་འགྱུར་ཞིང་རྗོད་བྱེད་ཀྱི་ཚིག་གམ་བརྗོད་ཚུལ་མི་འདྲ་བ་དུ་མས། ཡང་ཡང་བསྐྱར་ཟློས་ཀྱི་ཚུལ་དུ་བསྐོར་བྱའི་དངོས་པོ་དེ་དག་ལ་བསྐོར་བས་ན་དོན་བསྐོར་བ་ཞེས་བཤད། རྒྱལ་དབང་ལྔ་པས་སྣར་ཐང་བའི་དོན་རྒྱན་གསལ་བའི་མེ་ལོང་གི་རྗེས་སུ་འབྲངས་ཏེ། བསྐོར་བྱའི་ཡུལ་ལམ་དངོས་པོ་གཅིག་མིང་གི་རྣམ་གྲངས་མི་འདྲ་བ་དུ་མས་བརྗོད་དེ། དེ་ལ་སྐོར་བྱེད་ཀྱི་ཚིག་དོན་གཅིག་པ་ཡིན་མི་དགོས་པར་རྗོད་བྱེད་མི་འདྲ་བ་དུ་མས་ཡང་ཡང་བསྐོར་བ་ཞིག་ལ་བཞེད་དོ། ། |
Example | བོད་མཁས་པས། ཟླ་འོད་ཟེར་གྱིས་ཀུན་དའི་གེ་སར་གསལ། །འོད་སྟོང་ལྡན་པས་པད་དཀར་འདབ་བརྒྱ་གྲོལ། ། མཛེས་མའི་ཁ་ཕྲུས་བ་ཀུ་ལ་དབྱེ་ཞིང་། །རྐང་པས་མྱ་ངན་མེད་པའི་མེ་ཏོག་དགོད། །ཅེས་དང་། རྒྱལ་དབང་ལྔ་པས། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པའི་ཆེད། །ལུས་མེད་ཐུལ་གྱི་བསྟན་ལ་རབ་ཞུགས་ཏེ། ། མི་འཇིགས་བཞི་ལྡན་གསུང་རབ་ལ་སྦྱངས་ནས། །རྒྱལ་བས་གྲངས་མེད་ཚོགས་བསགས་རྗེས་སུ་བསླབས། །ཞེས་པ་ལྟ་བུ། |
Domain | རྩོམ་རིག |
{{#arraymap:དོན་བསྐོར་བ་
|; |@@@ | | }}