31107
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྲོག་ཆགས་དོམ་གྱི་མཁྲིས་པ་སྟེ། མཁྲིས་སྣོད་ཀྱི་ཁ་སྟོད་ཕྲ་ལ་རིང་ཞིང་སྨད་ཞབས་ཆེ་བ་སྐམ་ནས་ཕྱི་འཇམ་ཞིང་མདོག་ཁམ་སྐྱ་དང་ཡང་ན་ནག་ཞད་ཡོད་པ་ལ་ཆག་དང་གཉེར་རིས་ཅན། བཀན་ཞིང་མཉེད་ན་མི་གྲུག་པར་མཉེན་པའི་ནང་དུ་མཁྲིས་ཁུ་སྐམ་པོ་མདོག་སེར་དཀར་དྭངས་ཤིང་འོད་དང་ལྡན་པ། སྦུར་ལེན་ནམ་སྤོས་དཀར་གྱི་ཕྱེ་མ་འདྲ་བ་ལ་གསེར་མཁྲིས་སམ་རག་མཁྲིས་དང༌། ནག་ཞད་ཡོད་པ་གོང་ལས་ཅུང་སྲ་བ་དང་ཡང་ན་ཁཎྜ་ལྟ་བུ་བརླན་ཅུང་ཟད་ཡོད་པ་ལ་སྣག་མཁྲིས་སམ་ལྕགས་མཁྲིས། མདོག་ལྗང་སེར་འོད་ཆུང་ཞིང་སྙི་བ་ལ་ལོ་ཁུ་མ་སོགས་ཟེར་སྲོལ་ཡོད་ཅིང༌། གང་ལྟར་དྲི་ཞིམ་པ་དང་དམར་དྲི་ཅུང་དྲོ་བ། ཁར་འཇུ་སླ་བ། རོ་ཁ་ཞིང་བསིལ་ཉམས་ཡོད་ལ་སོ་མི་འབྱར་བ་བཅས་ནི་དོམ་མཁྲིས་དངོས་ཏེ། ཆེ་ཞིང་མཁྲིས་ཁུ་སེར་ལ་དྭངས་པ་རོ་ཁ་ལ་ཞིབ་པར་མྱངས་ན་མངར་ཉམས་ཡོད་པ་ལེགས། རོ་ཁ་ལ་མངར་ཤས་ལྡན་པ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྟུལ་ལ་རྩུབ་པའོ། །ངོ་བོའི་ནུས་པས་རྩ་ཁ་སྡོམ་ཞིང༌། ཁྲག་དང་རྨ་ངན་རུལ་བ་གཅོད་པར་མ་ཟད། ཤའུ་གསོ་ཞིང་མཁྲིས་ནད་སེལ་བ་དང༌། མིག་ནད་དམར་ཚག་གཤེར་ཚག་རབ་རིབ་བཅས་ལ་ཡང་ཕན། |