31122
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་དགུ་པའི་ནང་མདོ་སྨད་དཔའ་རིས་དོར་ཤུལ་ཁྱུང་གཤོག་ཏུ་འཁྲུངས། གན་ཚ་བློ་བཟང་སྙན་གྲགས་རྒྱ་མཚོ་བླ་མར་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། སོག་ཡུལ་དུ་ལན་གཉིས་ཕེབས། འཕྲིན་ལས་རྒྱས། རབ་བྱུང་བཅོ་ལྔ་པའི་ཤིང་གླང་ཕྱི་ལོ་ ༡༩༢༥ ལོར་བྱ་ཁྱུང་དགོན་པའི་མཁན་ཁྲིར་བཞུགས། གདན་ས་ལོ་གསུམ་རིང་བསྐྱངས། གསེར་གདུང་ཆེན་མོར་བཟང་གོས་ཀྱི་ན་བཟའ་གསོལ། འཆམ་ལྭ་དང་། ཥཀ་འཕན་སོགས་སྤྱི་འཇོག་མཛད། རབ་བྱུང་བཅུ་དྲུག་པའི་ཐོག་མའི་མེ་ཡོས་ཕྱི་ལོ་ ༡༩༢༧ ལོར་གཤེགས། བྱ་ཁྱུང་དགོན་པའི་མཁན་རབས་བརྒྱ་དང་བཞི་པ་ཡིན། |